གནའ་བོའི་ཞང་ཞུང་གི་བོན་པོའི་བཀའ་བསྟན་རྒྱ་འགྱུར་གྱི་ལས་གཞི་འགོ་བརྩམས་པ།

གནའ་བོའི་ཞང་ཞུང་གི་བོན་པོའི་བཀའ་བསྟན་རྒྱ་འགྱུར་གྱི་ལས་གཞི་འགོ་བརྩམས་པ།
གནའ་བོའི་ཞང་ཞུང་གི་བོན་པོའི་བཀའ་བསྟན་རྒྱ་འགྱུར་གྱི་ལས་གཞི་འགོ་བརྩམས་པ།
ཟླ7པའི་ཚེས20ཉིན། ཆབ་མདོའི་སྟིང་ཆེན་རྫོང་གི་རྩེ་དྲུག་དགོན་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གཉིས་ཀས་མཉམ་འབྲེལ་བྱས་ནས་སྤེལ་བའི་ལས་གཞི་གལ་ཆེན་སྟེ་གནའ་བོའི་ཞང་ཞུང་གི་བོན་པོའི་བཀའ་བསྟན་རྒྱ་ཡིག་ཏུ་བསྒྱུར་བའི་ལས་གྲྭ་འགོ་བརྩམས་ཤིང་། རྩེ་དྲུག་དགོན་པ་གཙོས་པའི་བོད་ལྗོངས་ཀྱི་བོན་དགོན་ནས་ཡོང་བའི་མཁན་སྤྲུལ་དང་དགེ་བཤེས། སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་མི་རིགས་སློབ་ཆེན་སོགས་ཀྱི་བོན་ཆོས་ཞིབ་འཇུག་བྱེད་པའི་ཆེད་མཁས་རྣམས་ཐེངས་འདིའི་འགོ་རྩོམ་ཚོགས་འདུའི་སྟེང་ཞུགས་པ་རེད།
གནའ་བོའི་ཞང་ཞུང་སྐབས་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པ་ནི་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་རྩེ་དྲུག་དགོན་པ་གཉིས་མཉམ་འབྲེལ་བྱས་ནས་སྤེལ་བའི་ཚན་རིག་ཞིབ་འཇུག་གི་ལས་གཞི་གལ་ཆེན་ཞིག་ཡིན་ཞིང་། ལས་གཞི་འདིས་རང་རྒྱལ་གྱི་མི་རིགས་རིག་གནས་བགྲོ་གླེང་དང་མི་རིགས་རིག་གནས་ཐོན་ཁུངས་མཉམ་དུ་ལོངས་སྤྱོད་བྱེད་པར་དོན་ཆེན་གལ་ཆེན་ལྡན་ལ། མིག་སྔར་འབྲེལ་ཡོད་ཀྱི་ཆེད་མཁས་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་ནས་ཡོང་བའི་ཞིབ་འཇུག་ཚོགས་པ་སོགས་ཀྱིས་མཉམ་དུ་ཕྱར་བ་གྲུ་འདེགས་བྱས་པར་བརྒྱུད་ནས་ལས་གཞི་འདིའི་དུས་སྔོན་གྱི་བྱ་བ་བདེ་བླག་ངང་སྤེལ་པ་རེད།
