《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》རྩོམ་སྒྲིག་བྱ་བ་པེ་ཅིང་དུ་མགོ་བརྩམས།
ཟླ7པའི་ཚེས12ཉིན། 《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》རྩོམ་སྒྲིག་བྱ་བ་པེ་ཅིང་དུ་མགོ་བརྩམས་ཤིང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་པ་ལྷག་པ་ཕུན་ཚོགས་ཀྱིས《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》རྩོམ་སྒྲིག་བྱ་བ་མགོ་བརྩམས་པའི་གནས་ཚུལ་མཚམས་སྦྱོར་གནང་།
འཆར་འགོད་ལྟར་ན《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》འདི་ལོ་ངོ15བེད་སྤྱད་དེ་ཐུ་བྷོད་དུས་སྐབས་ནས་བོད་ལྗོངས་ཞི་བས་བཅིང་འགྲོལ་སྔོན་གྱི་བོད་ཡིག་ཡིག་ཚགས་བསྟན་བཅོས་དག་པར་བསྐྲུན་བྱ་རྒྱུ་དང་། དཔེ་དེབ་སྟོང་ཡན་བསྡུ་རུབ་བྱེད་ཅིང་བསྟན་བཅོས20རུ་དབྱེ། 《ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ》འདི་རྒྱལ་སྤྱིའི་སྒྲིག་ཨང་དང་མཐུན་པའི་བོད་ཡིག་མཉེན་ཆས་སྤྱད་ཅིང་། འདི་པར་བསྐྲུན་འགྲེམ་སྤེལ་བྱེད་པ་དང་དུས་མཚུངས་སུ་རིག་ཚན་འཐུས་སྒོ་ཚང་བའི་བོད་ཡིག་ཡིག་ཚགས་ཐོན་ཁུངས་ཀྱི་གྲངས་མཛོད་ཅིག་འཛུགས་རྒྱུ་ཡིན་པ་རེད།