logo

བོད་ཀྱི་ན་གཞོན་རྩོམ་པ་པོའི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-12 ཀློག་གྲངས།:

བོད་ཀྱི་ན་གཞོན་རྩོམ་པ་པོའི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་བསྡུས་པ།

        ཟླ7པའི་ཚེས10ཉིན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་བོད་རིགས་ན་གཞོན་རྩོམ་པ་པོའི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་པེ་ཅིང་དུ་བསྡུས་ཤིང་། འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པ། ཤེས་ཡོན་པ། རྩོམ་པ་པོ་བཅས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་པ་རེད།
        ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཐེའེ་ཉིན་གྱིས་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་ཚོགས་ཞུགས་བོད་རིགས་ན་གཞོན་རྩོམ་པ་པོ་རྣམས་ལ་དགའ་བསུ་ཞུས་པ་མ་ཟད། བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཐད་ཤེས་རབ་དང་དཀའ་སྤྱད་མཛད་པའི་རྩོམ་པ་པོ་དང་། དཔྱད་བརྗོད་པ། ཡིག་སྒྱུར་བ། རྩོམ་རིག་བྱ་སྒྲུབ་པ་སོགས་ལ་ལྷག་བསམ་འཁོལ་བའི་གུས་འདུད་ཞུ། ཚོགས་ཐོག་ཏུ་ཚེ་རིང་ནོར་བུ་དང་། ཉི་མ་ཕན་ཐོགས། པདྨ་ལྷ་སྒྲོན། འཇམ་དབྱངས་ཚེ་རིང་། ཟླ་སྒྲོན། ལང་ཅུན་སྣང་ས། སྐལ་བཟང་འཇིགས་མེད། ཡཱན་དབྱིན་ཤུའུ་སོགས་བོད་ཀྱི་ན་གཞོན་རྩོམ་པ་པོ8ཀྱི་བརྩམས་ཆོས་ལ་བགྲོ་གླེང་མཛད་ཅིང་། ཚོགས་ཞུགས་ཆེད་མཁས་པ་དང་ཤེས་ཡོན་པ་རྣམས་ཀྱིས་གཅིག་མཐུན་སྒོས་འདོད་པ་ལྟར་ན། བོད་ཀྱི་རྩོམ་རིག་ལ་དུས་ཡུན་རིང་བོའི་ལོ་རྒྱུས་ལྡན་པ་དང་། བོད་ཀྱི་དེང་རབས་རྩོམ་རིག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་རྩོམ་རིག་ཧྲིལ་བོའི་ཁྲོད་འོད་སྟོང་རབ་ཏུ་འབར་ཞིང་རང་མི་རིགས་མི་དམངས་ཀྱི་སྙིང་སྟོབས་བརྗོད་པ་དང་མི་རིགས་མཐུན་སྒྲིལ་ཡོང་བར་དགེ་མཚན་བླ་མེད་བསྐྲུན་ཡོད།


འབྲེལ་ཡོད་འོས་སྦྱོར།