བོད་ལྗོངས་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་མཁྱེན་བརྩེ་བྲིས་རྒྱུན་གྱི་ལྡེབས་རིས་ལ་སྲུང་སྐྱོབ་བྱེད་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-07-11
ཀློག་གྲངས།:

དུས་རབས15བར་མཁྱེན་བརྩེ་ཆེན་མོ་མཆོག་གིས་བཞེངས་པའི་ལྡེབས་རིས།
སྤྱི་ལོ1464ལོར་བཞེངས་པའི་གོང་དཀར་དགོན་པ།
བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་གོང་དཀར་རྫོང་ཁོངས་སུ་ཆགས་པའི་བོད་བརྒྱུད་ནང་བསྟན་གྱི་ས་སྐྱ་པའི་གྲུབ་མཐའི་དགོན་ཆེན་བཞིའི་ཡ་གྱལ་སྟེ་གོང་དཀར་དགོན་པ་ནི་སྤྱི་ལོ1464ལོར་ཐུབ་བསྟན་ཀུན་དགའ་རྣམ་རྒྱལ་མཆོག་གིས་བཞེངས་ཤིང་། དགོན་སྡེ་དེར་བོད་ལྗོངས་སུ་ཆེས་ཆེ་ཞིང་ཆེས་ཆ་ཚང་བའི་མཁྱེན་བརྩེ་བྲིས་རྒྱུན་གྱི་ལྡེབས་རིས་ཤིག་ཡོད་པས། རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་བྱ་ཡུལ་དུ་བཞག་འདུག
ལྡེབས་རིས་དེ་ལ་སྲུང་སྐྱོབ་ལེགས་པོ་བྱ་ཆེད། ད་ལོའི་ཟླ3པ་ནས་བཟུང་བོད་ལྗོངས་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་དགོན་སྡེའི་ཞིག་གསོའི་ལས་གྲྭ་འགོ་ཚུགས་ལ། སྔོན་དཔག་བྱས་པ་ལྟར་ན་དུས་རིམ་དང་པོའི་ཞིག་གསོ་དེ་ཟླ11པར་ལེགས་འགྲུབ་འབྱུང་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
