མཚོ་སྔོན་གྱིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན1603བསྡུ་རྒྱུ་ཐག་གཅོད་བྱས།
མིག་སྔར། མཚོ་སྔོན་ཞིང་ཆེན་སྒྲིག་ཁུངས་གཞུང་སྒྲུབ་ཁང་གིས་མཚོ་སྔོན་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བསྡུ་བའི་འཆར་གཞི་ལ་ཆོག་མཆན་གནང་ཞིང་། ད་ལོར་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན1603བསྡུ་རྒྱུ་ཐག་གཅོད་བྱས།
དེ་ལས། ཟི་ལིང་གྲོང་ཁྱེར་རུ227དང་། མཚོ་ཤར་དུ167། མཚོ་ནུབ་ཁུལ་དུ86། མཚོ་ལྷོ་ཁུལ་དུ170། རྨ་ལྷོ་ཁུལ་དུ180། མགོ་ལོག་ཁུལ་དུ319། ཡུལ་ཤུལ་ཁུལ་དུ454བཅས་ཡོད། མཚོ་བྱང་ཁུལ་ལ་ལས་གནས་སྟོང་བ་མེད་པས་དགེ་རྒན་བསྡུ་བའི་འཆར་གཞི་རུ་ཐོ་འགོད་བྱས་མེད་པ་རེད།
མཚོ་སྔོན་ཞིང་ཆེན་མི་དོན་ཐིན་གྱིས་དགེ་རྒན་བསྡུ་བའི་བྱ་བའི་གོ་རིམ་མགོ་བརྩམས་ཤིང་། འཆར་གཞི་ལྟར་ན་ཟླ7པའི་ཚེས10ཉིན་དགེ་རྒན་བསྡུ་བའི་བརྡ་ཐོ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ལ། ཟླ7པའི་ཚེས15ཉིན་ནས་ཚེས19ཉིན་བར་མིང་ཐོ་འགོད་པ་དང་། གཏན་འཁེལ་བྱས་པའི་གོ་རིམ་ལྟར་ཐོབ་ཐང་ཞིབ་བཤེར་བྱས་རྗེས་ཟླ7པའི་ཚེས28ཉིན་ཡིག་རྒྱུགས་ལེན་རྒྱུ་ཡིན་པ་རེད།