ཁམས་ཀྱི་རིག་གནས་འཆད་སྟེགས་དེ་ཐེངས་དང་པོར་ཀོང་ཀྲིག་ཏུ་སྤེལ་བ།

ཁམས་ཀྱི་རིག་གནས་འཆད་སྟེགས་དེ་ཐེངས་དང་པོར་ཀོང་ཀྲིག་ཏུ་སྤེལ་བ། 
བོད་རིག་པའི་ཞིབ་འཇུག་པ་ཚེ་རིང་འཇིགས་མེད་ལགས་ཀྱིས་འཆད་ཁྲིད་གནང་བཞིན་པ།
ཟླ7པའི་ཚེས6ཉིན། ཁམས་ཀྱི་རིག་གནས་འཆད་སྟེགས་དེ་ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་དཔེ་མཛོད་ཁང་གི་སྙན་ཞུ་ཚོམས་ཆེན་དུ་སྤེལ་བ་རེད། ཡུལ་དེའི་ཤེས་ཡོན་པ་དང་མང་ཚོགས400ལྷག་འདུས་ནས་ཕན་ཚུན་ལ་རིག་གནས་བགྲོ་གླེང་བྱས་ཤིང་། དེ་ནི་ཁམས་ཀྱི་རིག་གནས་དེ་ཐེངས་དང་པོར་འཆད་སྟེགས་ཀྱི་རྣམ་པར་བརྒྱུད་ནས་སྤེལ་བ་རེད།
ཐེངས་འདིའི་རིག་གནས་འཆད་སྟེགས་སྟེང་བོད་ཀྱི་འབུམ་རམས་པའམ་དགེ་རྒན་ཆེན་མོ་དགེ་ལེགས་ལགས་དང་བོད་རིག་པའི་ཞིབ་འཇུག་པ་ཚེ་རིང་འཇིགས་མེད་ལགས་གཉིས་གདན་དྲངས་ནས་ཁམས་ཀྱི་རིག་གནས་དང་དེའི་སྣ་མང་རང་བཞིན་དང་། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་དང་འཕེལ་རྒྱས་སོགས་བརྗོད་བྱར་བྱས་ནས་འཆད་ཁྲིད་དང་བགྲོ་གླེང་རྒྱ་ཆེན་པོ་གནང་ཞིང་། དེར་བརྒྱུད་ནས་ཀོང་ཏུང་གི་མི་རིགས་སོ་སོས་གེ་སར་སྒྲུང་དང་དར་རྩེ་མདོ་ཡི་མཛའ་གཞས། ཁམས་ཀྱི་རིག་གནས་ལོ་རྒྱུས། བོད་བརྒྱུད་ནང་བསྟན་སོགས་བོད་ཀྱི་གྱ་ནོམ་པའི་རིག་གནས་ལ་རྒྱུས་ལོན་ངེས་ཅན་བྱེད་ཐུབ་པ་རེད།
