logo

རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭས་ཡར་ཞུ་འཁྲབ་སྟོན་དགོང་ཚོགས་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-05 ཀློག་གྲངས།:

多杰旦民族职业技术学校举办首届文艺班毕业汇报晚会
རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭས་ཡར་ཞུ་འཁྲབ་སྟོན་དགོང་ཚོགས་བསྡུས་པ།

རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭས་ཡར་ཞུ་འཁྲབ་སྟོན་དགོང་ཚོགས་བསྡུས་པ།

  ཉེ་ཆར། མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་གི་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭའི་སྐབས་དང་པོའི་ཟློས་གར་མཐར་ཕྱིན་འཛིན་གྲྭའི་ཡར་ཞུའི་འཁྲབ་སྟོན་དགོང་ཚོགས་བསྡུས་ཤིང་། ཟློས་གར་འཛིན་གྲྭའི་མཐར་ཕྱིན་སློབ་མ་རྣམས་ཀྱིས་ཁོང་ཚོའི་མ་ཡུམ་སློབ་གྲྭ་དང་དགེ་རྒན་རྣམས་ལ་དྲིན་གཟོ་ཆེད་འཁྲབ་སྟོན་ཕུན་སུམ་ཚོགས་པ་སྤེལ་པ་རེད།
  རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་ནི2010ལོའི་ཟླ8པའི་ཚེས18ཉིན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སྨིན་ཐང་ཡུལ་ཚོར་བཙུགས་ཤིང་། མིག་སྔར་སློབ་གྲྭ་དེ་གར་རྒྱ་ཡིག་དང་བོད་ཡིག  དབྱིན་ཡིག  གྲངས་རིག  ཆབ་སྲིད། ས་རྒྱུས། ལོ་རྒྱུས་སོགས་ཀྱི་རིག་གནས་བསླབ་ཚན་ཡོད་པར་མ་ཟད། རོལ་དབྱངས་དང་ཐང་ག  བོད་ལུགས་གསོ་རིག  རྒྱན་གོས་སོགས་ཀྱི་ཆེད་ལས་བསླབ་ཚན་ཡང་བཙུགས་ཡོད་པ་རེད། 


རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭས་ཡར་ཞུ་འཁྲབ་སྟོན་དགོང་ཚོགས་བསྡུས་པ།


འབྲེལ་ཡོད་འོས་སྦྱོར།