logo

བོད་ལྗོངས་སློབ་ཆེན་དུ་སློབ་རའི་སྐོར་བྲོའི་འགྲན་བསྡུར་སྐབས་ལྔ་བ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-07-04 ཀློག་གྲངས།:

        ཟླ6པའི་ཚེས30ཉིན་གྱི་ཕྱི་དྲོ། བོད་ལྗོངས་སློབ་ཆེན་གྱིས་སློབ་རའི་སྐོར་བྲོའི་འགྲན་བསྡུར་སྐབས་ལྔ་བ་བསྡུས་ཤིང་། དགེ་སློབ3000ལྷག་སློབ་མའི་བྱ་འགུལ་ལྟེ་གནས་སུ་འཛོམས་ཏེ་འཁྲབ་སྟོན་ལ་གཟིགས་པ་རེད།
        རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་སློབ་ཆེན་གྱི་སློབ་རའི་སྐོར་བྲོའི་འགྲན་བསྡུར་སྐབས་ལྔ་བ་ནི་བོད་ལྗོངས་སློབ་གྲྭ་ཆེན་མོས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་རབས་དང་རིམ་པའི་བྱ་འགུལ་གྱི་གྲས་ཤིག་ཡིན་ཞིང་། འགྲན་བསྡུར་ལ་བསྡོམས་པས་ཚབ་བྱེད་རུ་ཁག9ཞུགས་ཡོད་པ་དང་། ཚབ་བྱེད་རུ་ཁག་རེ་རེ་ནི་རིགས་སོ་སོའི་ན་གཞོན་སློབ་མ40ལྷག་གིས་གྲུབ་ལ། ཁོ་ཚོས་ལག་རྡང་གཅིག་ཏུ་སྦྲེལ་ཞིང་སེམས་པ་ལྷན་ཏུ་སྦྱར་ནས་སྔོན་སྦྱོང་གི་སྐབས་སུ་མཛའ་བརྩེ་ཟབ་མོ་བཞག་ཅིང་།  འཁྲབ་སྟོན་གྱི་སྐབས་སུ་ཁོ་ཚོས་ཕན་ཚུན་རོགས་འདེགས་སྒོས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཡོངས་སུ་མངོན།
        བོད་ལྗོངས་སློབ་ཆེན་གྱི་འགན་ཁུར་བས་མཚམས་སྦྱོར་བྱེད་རྒྱུར། ཐེངས་འདིའི་འགྲན་བསྡུར་བདེ་བླག་ངང་སྤེལ་ཏེ་བོད་ལྗོངས་སློབ་ཆེན་གྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཤུགས་སྣོན་པ་མཚོན་པར་བྱེད་ཅིང་། ཡར་སེམས་དང་བདེ་ཐང་གི་སློབ་རའི་རིག་གནས་ཀྱི་ཁ་དབུགས་ཤིག་བསྐྲུན་ཏེ་སློབ་གྲྭས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ལ་ཤུགས་སྣོན་དང་བདེ་བླག་སྒོས་སྤེལ་བར་སྔར་ལས་ཁ་གཏད་རང་བཞིན་དང་། ཕན་འབྲས་རང་བཞིན། རྒྱུན་རིང་རང་བཞིན་ལྡན་པ་དང་། ཕྱོགས་ཡོངས་ནས་འཆམ་མཐུན་སྤྱི་ཚོགས་དང་། འཆམ་མཐུན་སློབ་ར་འཛུགས་སྐྲུན་བྱེད་པར་སྤྱི་ཚོགས་ཀྱི་ཁོར་ཡུག་ཅུང་ལེགས་པོ་ཞིག་བསྐྲུན་པ་རེད།


འབྲེལ་ཡོད་འོས་སྦྱོར།