མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས2013ལོའི་མཐོ་རྒྱུགས་རྒྱུགས་འབྲས་ལེགས་པོ་བླངས།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོ།
ཟླ6པའི་ཚེས26ཉིན། 2013ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་རྒྱུགས་འབྲས་ཁྱབ་བསྒྲགས་བྱས་ཤིང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོས་རྒྱུགས་འབྲས་ལེགས་པོ་བླངས།
2013ལོར་མཚོ་སྔོན་གྱི་མི་རིགས་སྐད་ཡིག་ལ་རྒྱུགས་ལེན་པའི་སློབ་མ4503ཡོད་པ་དང་། དེའི་ཁྲོད་རིག་ཚན་གྱི་སློབ་མ2870དང་རྩིས་ཚན་གྱི་སློབ་མ1633ཡོད།
མཚོ་ལྷོ་ཁུལ་མི་རིགས་སློབ་འབྲིང་དང་པོའི་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་བསྡོམས་པས769ཡོད་པ་དང་། དེའི་ཁྲོད་རིག་ཚན་གྱི་སློབ་མ454དང་། རྩིས་ཚན་གྱི་སློབ་མ315ཡོད། དངོས་གཞིའི་སློབ་བསྡུའི་སྐར་གྲངས་ཀྱི་ཚད་གཞི་ལ་ཐོན་པའི་རིག་ཚན་གྱི་སློབ་མ94དང་། སྐར་གྲངས་ཀྱི་ཚད་གཞིར་བསླེབས་ཚད20.7%ཡིན་ལ། ཞིང་ཆེན་ཡོངས་ཀྱི་སློབ་བསྡུའི་ཚད་གྲངས་ཀྱི་བརྒྱ་ཆའི་གྲངས་གནས11.7ལས་མཐོ་ཞིང་། ཞིང་ཆེན་ཡོངས་ཀྱི་དངོས་གཞིའི་སློབ་བསྡུའི་མི་གྲངས་ཀྱི36.6%ཟིན། རྩིས་ཚན་གྱི་སློབ་མ28དང་། སྐར་གྲངས་ཀྱི་ཚད་གཞིར་བསླེབས་ཚད8.9%ཡིན་ལ། ཞིང་ཆེན་ཡོངས་ཀྱི་སློབ་བསྡུའི་ཚད་གྲངས་ཀྱི་བརྒྱ་ཆའི་གྲངས་གནས3གྱིས་མཐོ་ཞིང་། ཞིང་ཆེན་ཡོངས་ཀྱི་དངོས་གཞིའི་སློབ་བསྡུའི་མི་གྲངས་ཀྱི29.2%ཟིན།
སློབ་གྲྭ་འདིའི་རིག་ཚན་གྱི་སློབ་མ་ཚེ་བརྟན་རྡོ་རྗེ་སོགས་མི་བཞི་ཡིས་རིམ་པ་བཞིན་སྐར508དང་། སྐར500། སྐར494། སྐར493བཅས་བླངས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལ་རྒྱུགས་སྤྲད་པའི་རིག་ཚན་གྱི་ཨང་བཞི་པ་དང་། ཨང་བདུན་པ། ཨང་བཅུ་གཅིག་པ། ཨང་བཅུ་གཉིས་པ་བླངས། རྩིས་ཚན་གྱི་སློབ་མ་བསམ་གྲུབ་མཚོ་མོ་སོགས་སློབ་མ་བཞི་ཡིས་རིམ་བཞིན་སྐར457དང་། སྐར452།(མཉམ་གཤིབ) སྐར448བཅས་བླངས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལ་རྒྱུགས་སྤྲད་པའི་རྩིས་ཚན་གྱི་ཨང་ལྔ་པ་དང་། ཨང་བརྒྱད་པ།(མཉམ་གཤིབ) ཨང་བཅུ་བ་བཅས་བླངས་པ་རེད།