logo

མཚོ་སྔོན་མི་རིགས་སློབ་ཆེན་རྩིས་འཁོར་སློབ་གླིང་གིས་མཐར་ཕྱིན་དགོང་ཚོགས་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-26 ཀློག་གྲངས།:


དགོང་ཚོགས་ཀྱི་མདོ་འཛིན་པ་རྣམས།

        ཟླ6པའི་ཚེས23ཉིན་གྱི་དགོང་མོ། མཚོ་སྔོན་མི་རིགས་སློབ་ཆེན་རྩིས་འཁོར་སློིབ་གླིང་གིས“ལང་ཚོར་བསྟོད་བསྔགས་དང་། ཀྲུང་གོའི་འདུན་མ་ལྷན་བསྐྲུན”ཞེས་པ་དང་རྩིས་འཁོར་སློབ་གླིང་གི་མཐར་ཕྱིན་སློབ་མའི་ཞལ་གྱེས་དགོང་ཚོགས་བསྡུས་ཤིང་། འབྲེལ་ཡོད་འགོ་ཁྲིད་དང་དགེ་སློབ་རྣམས་དགོང་ཚོགས་སུ་ཞུགས།

མཚོ་སྔོན་མི་རིགས་སློབ་ཆེན་རྩིས་འཁོར་སློབ་གླིང་གིས་མཐར་ཕྱིན་དགོང་ཚོགས་སྤེལ་བ།
དགོང་ཚོགས་ཡུལ་དངོས།

        དགོང་ཚོགས་སུ་གླུ་གར་རིགས་སྣ་ཚོགས་ཏེ། 《གངས་ལྗོངས་ཀྱི་སྒྲ་སྙན་ཞབས་བྲོ》ཞེས་པ་དང་། དེང་རབས་ཀྱི་བྲོ་གར《ཉིན་རེ་བཞིན》day-by-day། དེ་མིན་མི་རིགས་གཞན་གྱི་བྲོ་གར་འགའ་ཤས་དང《གངས་ལྗོངས་སྤྲོ་གླུ》སོགས་ལས་དགོང་ཚོགས་ལ་སྤྲོ་སེམས་རབ་ཏུ་རྒྱས་སུ་བཅུག


འབྲེལ་ཡོད་འོས་སྦྱོར།