logo

ནུབ་བྱང་མི་རིགས་སློབ་ཆེན་དུ་བོད་རིགས་མ་ཡིན་པའི་སློབ་མའི་བོད་སྐད་འགྲན་སྡུར་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-21 ཀློག་གྲངས།:

西北民大藏学院举办“非藏族大学生藏语口语”比赛
ནུབ་བྱང་མི་རིགས་སློབ་ཆེན་དུ་བོད་རིགས་མ་ཡིན་པའི་སློབ་མའི་བོད་སྐད་འགྲན་སྡུར་སྤེལ་བ།

ནུབ་བྱང་མི་རིགས་སློབ་ཆེན་དུ་བོད་རིགས་མ་ཡིན་པའི་སློབ་མའི་བོད་སྐད་འགྲན་སྡུར་སྤེལ་བ།

  ཟླ6པའི་ཚེས13ཉིན། ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་སྐབས་གཉིས་པའི་བོད་རིགས་མ་ཡིན་པའི་སློབ་མའི་བོད་སྐད་འགྲན་སྡུར་སྤེལ་ཞིང་། སློབ་གླིང་སོ་སོ་ནས་ཡོང་བའི་བོད་རིགས་མ་ཡིན་པའི་སློབ་མ34འགྲན་སྡུར་ལ་ཞུགས་ཡོད་པ་རེད།
  ཐེངས་འདིའི་འགྲན་སྡུར་རིམ་པ་གསུམ་ལ་བཀར་ཡོད་པ་སྟེ། རིམ་པ་དང་པོའི་ནང་བརྗོད་གཞི་ག་གེ་མོ་ཞིག་གཙོར་བཟུང་ནས་ཉིན་རྒྱུན་གྱི་ཁ་སྐད་ཀྱིས་ལབ་གླེང་བྱེད་པ་དང་། རིམ་པ་གཉིས་པར་ཡུལ་དངོས་སུ་རི་མོ་ངོས་འཛིན་བྱེད་པ། རིམ་པ་གསུམ་པར་བོད་ཀྱི་སྒྱུ་རྩལ་བརྗོད་གཞིར་བཟུང་ནས་སོ་སོའི་འཇོན་ཐང་མངོན་པ་བཅས་ཡིན་པ་རེད།
  ཐེངས་འདིའི་འགྲན་སྡུར་གྱིས་བོད་རིགས་མ་ཡིན་པའི་སློབ་མས་བོད་ཀྱི་ཁ་སྐད་ཀྱི་ལམ་ནས་ཁ་བརྡ་བྱེད་པའི་ནུས་པ་མཐོ་རུ་བཏེགས་ཤིང་། སློབ་མ་རྣམས་ཀྱིས་མདུན་ལམ་རྒྱ་བསྐྱེད་པར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་པ་རེད།


འབྲེལ་ཡོད་འོས་སྦྱོར།