logo

མཚོ་སྔོན་དང་ཀན་ལྷོའི་སྐད་གཉིས་ཁྲིམས་དཔོན་གྱི་གསོ་སྦྱོང་མཇུག་སྒྲིལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-19 ཀློག་གྲངས།:
  ཟླ6པའི་ཚེས9ཉིན། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་མི་དམངས་ཁྲིམས་ཁང་གི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་རྣམས་ཀྱིས་ཟི་ལིང་གྲོང་ཁྱེར་དུ་གཏམ་བཤད་དང་ཞུ་གཏུག་དོན་གཅོད་ཀྱི་དཔེ་མཚོན་གྱོད་དོན་དབྱེ་ཞིབ་ཀྱི་རྩོད་གླེང་འགྲན་སྡུར་སྤེལ་བ་དང་བསྟུན་ནས། ཟླ་གཅིག་རིང་ལ་སྤེལ་བའི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀའི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་གྱི་གསོ་སྦྱོང་མཇུག་རྫོགས་པ་རེད།
  ཟླ་གཅིག་རིང་གི་གསོ་སྦྱོང་སྟེང་། མཚོ་སྔོན་དང་ཀན་སུའུ་ཡི་བོད་ཁམས་ནས་ཡོང་བའི་ཁྲིམས་ཁང་གི་ཁྲིམས་དཔོན50ཡིས་ཕན་ཚུན་ལ་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་བྱས་པར་བརྒྱུད་ནས་བོད་སྐད་ཡིག་དང་བོད་ཡིག་བཅའ་ཁྲིམས་སློབ་སྦྱོང་གི་ཆུ་ཚད་མཐོར་འདེགས་བྱུང་བར་མ་ཟད། སྐད་གཉིས་ཁྲིམས་སའི་འདྲི་གཅོད་ལྟ་ཞིབ་དང་སྐད་གཉིས་ལད་ཟློས་ཁྲིམས་ར་སོགས་ཀྱི་བྱ་འགུལ་སྤེལ་བར་བརྒྱུད་ནས་གསོ་སྦྱོང་ལ་ཞུགས་པའི་ཁྲིམས་དཔོན་རྣམས་ཀྱི་ཁྲིམས་སའི་འདྲི་གཅོད་ཀྱི་ནུས་པ་དང་ཁྲུན་གཅོད་ཡི་གེ་སྒྲིག་བཟོའི་ཆུ་ཚད་སོགས་མཐོར་འདེགས་བྱུང་བ་རེད།


འབྲེལ་ཡོད་འོས་སྦྱོར།