གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་སྐབས་དང་པོའི་མཐར་ཕྱིན་མཛད་སྒོ་བསྡུས་པ།
སློབ་གཙོ་འཇིགས་མེད་རྒྱལ་མཚན་གྱིས་མཐར་ཕྱིན་འཛིན་ཡིག་གནང་བཞིན་པ།
མཐར་ཕྱིན་མཛད་སྒོ་སྡུད་བཞིན་པ།
ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཁོངས་སུ་མངའ་བའི་ར་རྒྱ་གྲོང་རྡལ་གྱི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་སྐབས་དང་པོའི་མཐར་ཕྱིན་མཛད་སྒོ་བསྡུས་པ་རེད། ལོ་ངོ་བརྒྱད་ཀྱི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་མཐར་སློབ་བུ69བདེ་བླག་ངང་སློབ་མཐར་ཕྱིན་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ནི2005ལོའི་ཟླ10པར་སློབ་གསོ་སྨྲ་བ་འཇིགས་མེད་རྒྱལ་མཚན་མཆོག་གིས་བསྐྲུན་པའི་དམངས་བསྒྲུབ་དང་གཞུང་སྐྱོར་གྱི་བཅའ་སྡོད་སློབ་གྲྭ་ཞིག་ཡིན་ཞིང་། སློབ་གྲྭ་དེར་ལོ་རིམ་བདུན་དང་འཛིན་གྲྭ10ཡོད་ལ། བོད་ཡིག་དང་རྒྱ་ཡིག དབྱིན་ཡིག རོལ་མོ། རི་མོ། ས་རྒྱུས། གཤིས་ལུགས། ངལ་རྩོལ་ལག་རྩལ་སོགས་ཀྱི་བསླབ་ཚན་བཀར་ཏེ་ཤེས་སྤྱོད་རྩལ་གསུམ་ནས་སློབ་ཁྲིད་བྱེད་ཀྱིན་ཡོང་པ་རེད།
མཐར་ཕྱིན་མཛད་སྒོ་སྡུད་བཞིན་པ།
མཐར་ཕྱིན་མཉམ་པར་བསྐྱོན་པ།