རྔ་བ་རྫོང་མི་རིགས་བཅའ་སྡོད་ཆུང་གིས་དྲུག་གཅིག་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ།
རྔ་བ་རྫོང་མི་རིགས་བཅའ་སྡོད་ཆུང་གིས་དྲུག་གཅིག་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོ་
གཟབ་རྒྱས་ངང་སྤེལ་བ།(པར་རིས་ཡོང་ཁུངས། མཚོ་སྔོན་པོ་ཟིན་བྲིས་པ་ཁང་བུ)
ཉེ་སྔོན། རྔ་བ་རྫོང་མི་རིགས་བཅའ་སྡོད་ཆུང་གིས་དྲུག་གཅིག་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་ཞིང་། འབྲེལ་ཡོད་འགོ་ཁྲིད་དང་སློབ་གྲྭའི་དགེ་སློབ་ཡོངས་ཐེངས་འདིའི་མཛད་སྒོར་ཞུགས་པ་རེད།
བཞད་གར་འཁྲབ་སྟོན།(པར་རིས་ཡོང་ཁུངས། མཚོ་སྔོན་པོ་ཟིན་བྲིས་པ་ཁང་བུ)
བྱ་འགུལ་འདིའི་ཁྲོད་དུ་ཞབས་བྲོ་དང་གླུ་གཞས། བཞད་གར་སོགས་སྣ་ཚོགས་འདུས་པ་དང་། སློབ་མ་རྣམས་སྤྲོ་བ་རབ་ཏུ་རྒྱས་ནས་གཟིགས་མོ་བ་རྣམས་ལ་གླུ་གར་གྱི་འཁྲབ་སྟོན་གྱ་ནོམ་པ་ཞིག་ཕུལ།
གླུ་གར་འཁྲབ་སྟོན་བྱེད་པ།(པར་རིས་ཡོང་ཁུངས། མཚོ་སྔོན་པོ་ཟིན་བྲིས་པ་ཁང་བུ)
འདི་ལྟ་བུའི་བྱ་འགུལ་བརྒྱུད་དེ། སློབ་རའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་། སློབ་མ་རྣམས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་ལེགས་པོ་ཐོན་པ་མ་ཟད། ཁོ་ཚོའི་རང་འགུལ་དང་རང་རྟོགས་ཀྱི་འདུ་ཤེས་སྔར་ལས་མཐོར་འདེགས་སུ་བཏང་ཡོད་པ་རེད།