བོད་ལྗོངས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-06-07
ཀློག་གྲངས།:

བོད་ལྗོངས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་བཀལ་བ།
བོད་ལྗོངས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་ཡུལ་དངོས།
ཟླ6པའི་ཚེས6ཉིན། བོད་ལྗོངས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དེ་བོད་ལྗོངས་ནང་བསྟན་སློབ་གླིང་དུ་དངོས་སུ་སྒོ་བྱང་བཀལ་ཞིང་། དེས་བོད་ལྗོངས་སུ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་མེད་པའི་ལོ་རྒྱུས་མཇུག་རྫོགས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན2011ལོར་བོད་ལྗོངས་ཞིབ་འཇུག་ལྟེ་གནས་དེ་བཙུགས་པ་དང་། 2013ལོའི་ཟླ6པའི་ཚེས7ཉིན་སྒོ་བྱང་བཀལ། བོད་ལྗོངས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ལྗོངས་ནང་བསྟན་གྱི་བསྟན་དོན་ཞིབ་འཇུག་ཐད་འཚོལ་ཞིབ་བྱས་ནས་ཞིབ་འཇུག་གི་གྲུབ་འབྲས་སྐོར་ཞིག་བླངས་ཡོད་ཅིང་། མ་འོངས་པར་ད་དུང་བོད་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་ཐད་ནུས་ཤུགས་བཏོན་ནས་ཞིབ་འཇུག་གི་ཁྱབ་ཁོངས་མུ་མཐུད་དུ་ཕུན་སུམ་ཚོགས་པར་གཏོང་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།
