logo

ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོས་སློབ་གྲྭ་བཙུགས་ནས་ལོ་འཁོར30ལོན་པའི་དགའ་སྟོན་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-05 ཀློག་གྲངས།:

  ཉེ་ཆར། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོས་སློབ་གྲྭ་བཙུགས་ནས་ལོ་འཁོར30ལོན་པའི་དགའ་སྟོན་མཛད་སྒོ་བསྡུས་ནས།《འབྲི་མར་གྱི་དྲི་བསུང》དང《ང་ཡི་ཕ་ཡུལ》སོགས་རིག་རྩལ་ལེ་ཚན་ཚར་དུ་དངར་བ་འཁྲབ་སྟོན་བྱས་པ་རེད།
  ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ་ནི1983ལོར་བཙུགས་པ་ཡིན་ཞིང་། ད་ལྟ་འཛིན་གྲྭ23དང་། སློབ་མ1082། དགེ་བཟོ་བ87བཅས་ཡོད་ལ། སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ36514ཡོད་པ་རེད།
  བགྲང་བྱ་སུམ་ཅུའི་རིང་དུ། ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོའི་དགེ་རྒན་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་དང་མཐུན་སྒྲིལ་གཅིག་སྒྲིལ་བྱས་པར་བརྟེན་ནས། ཐེམ་ཆེན་རྫོང་གི་སློབ་གསོའི་གོང་སྤེལ་ལ་བྱས་རྗེས་མི་དམན་པ་བཞག་ཅིང་། སློབ་གྲྭའི་ཕྱོགས་བསྡུས་ནུས་ཤུགས་རིམ་གྱིས་ཇེ་རྒྱས་སུ་སོང་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ལས་ཁུངས་སོགས་ཀྱི་བྱ་དགའ་མང་པོ་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།