logo

ནུབ་བྱང་མི་རིགས་སློབ་ཆེན་དུ་སྐབས་གསུམ་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-04 ཀློག་གྲངས།:

西北民族大学藏学院举办第三届藏文书法大赛
ནུབ་བྱང་མི་རིགས་སློབ་ཆེན་དུ་སྐབས་གསུམ་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་སྤེལ་བ།

  ཟླ5པའི་ཚེས30ཉིན། ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གིས་སྐབས་གསུམ་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་སྤེལ་ཞིང་། ཐེངས་འདིའི་འགྲན་བསྡུར་སྟེང་ལོ་རྒྱུས་རིག་གནས་སློབ་གླིང་དང་དར་མའི་སློབ་གསོའི་སློབ་གླིང་། བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་བཅས་ཀྱི་སློབ་མ50ལྷག་ཞུགས་ཡོད་པ་རེད།


ནུབ་བྱང་མི་རིགས་སློབ་ཆེན་དུ་སྐབས་གསུམ་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་སྤེལ་བ།

ནུབ་བྱང་མི་རིགས་སློབ་ཆེན་དུ་སྐབས་གསུམ་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་སྤེལ་བ།

  ཐེངས་འདིའི་འགྲན་བསྡུར་ལ་ཡུལ་དངོས་སུ་སྨྱུག་རྩལ་མངོན་པ་དང་དེ་མ་ཐག་ཏུ་དཔྱད་བསྡུར་བྱེད་པའི་ཚུལ་གྱིས་སྤེལ་ལ། སྔོན་མ་དང་བསྡུར་ན་ད་ལོར་འགྲན་བསྡུར་ལ་ཞུགས་པའི་སློབ་མ་ཇེ་མང་དུ་སོང་ཡོད་ཅིང་། འགྲན་བསྡུར་བརྒྱུད་ནས་སློབ་མ་རྣམས་ཀྱིས་བོད་ཡིག་ཡིག་གཟུགས་ཀྱི་ཐུན་མོང་མ་ཡིན་གཟི་དཔལ་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལ་རོལ་མྱོང་བྱེད་ཐུབ་པའི་ཁར། ཁོང་ཚོས་རང་ཉིད་ཀྱི་འཇོན་ཐང་མངོན་པ་དང་ཕན་ཚུན་བར་ཉམས་མྱོང་བརྗེ་རེས་བྱེད་པར་སྟེགས་བུ་གལ་ཆེན་ཞིག་བསྐྲུན་པ་རེད།


འབྲེལ་ཡོད་འོས་སྦྱོར།