མཚོ་ནུབ་ཁུལ་གྱི་སྐད་གཉིས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།
མཚོ་ནུབ་ཁུལ་གྱི་སྐད་གཉིས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་འགོ་རྩོམ་མཛད་སྒོ།
ཟླ6པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གྱིས་སྐད་གཉིས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྡུ་འགོ་བརྩམས་པ་རེད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་བསྒྲུབས་ཤིང་། ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་ཁག་དང་། ཞིང་ཕྱུགས་སྡེ་ཁག འཕྲོད་བསྟེན། སློབ་གསོ། ནགས་ལས་སོགས་ཀྱི་གྲངས་ཉུང་མི་རིགས་ལས་བྱེད་པ100ལྷག་གསོ་སྦྱོང་སྟེང་ཞུགས་ཡོད་པ་རེད།
མཚོ་ནུབ་ཁུལ་གྱི་སྐད་གཉིས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་ཁྲིད་བྱེད་བཞིན་པ།
མཚོ་ནུབ་ཁུལ་གྱིས་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་སྐད་གཉིས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྤེལ་དོན་ནི། སྐད་གཉིས་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་དང་གཞི་རིམ་གྱི་སྐད་གཉིས་ལས་བྱེད་པའི་ལོ་ཙཱའི་ཆུ་ཚད་མཐོར་འདེགས་བཏང་ནས། ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་སྣ་ཚོགས་ལེགས་པོར་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གོང་རིམ་དང་གཞི་རིམ་བར་གྱི་སྦྲེལ་མཐུད་བྱ་བ་ལེགས་པོར་བསྒྲུབ་རྒྱུ་དེ་ཡིན་པ་རེད།
