བོད་ལྗོངས་སློབ་ཆེན་གྱིས2013ལོའི་མཐར་ཕྱིན་སློབ་མའི་མཐར་ཕྱིན་མཛད་སྒོ་བསྡུས་པ།

བོད་ལྗོངས་སློབ་ཆེན་གྱིས2013ལོའི་མཐར་ཕྱིན་སློབ་མའི་མཐར་ཕྱིན་མཛད་སྒོ་བསྡུས་པ།
ཟླ6པའི་ཚེས1ཉིན། བོད་ལྗོངས་སློབ་ཆེན་གྱི་སློབ་ཆེན་པའི་བྱ་འགུལ་ལྟེ་གནས་སུ2013ལོའི་མཐར་ཕྱིན་སློབ་མའི་མཐར་ཕྱིན་མཛད་སྒོ་བསྡུས་ཤིང་། དགེ་སློབ་འཐུས་ཚབ་པ་མི3000མཛད་སྒོར་ཞུགས་པ་རེད།
དགེ་རྒན་དང་སློབ་གྲོགས་རྣམས་ཀྱི་ལྷད་མེད་ཀྱི་བཀྲ་ཤིས་ཁ་གཡང་དང་རྟེན་འབྲེལ་གྱི་ཁ་བཏགས་དཀར་པོའི་ཁྲོད། ཞིབ་འཇུག་སློབ་མ་མི124དང་དངོས་གཞི་སློབ་མ་མི1741། ཆེད་ཚན་སློབ་མའི་འཐུས་ཚབ་བཅས་ཀྱིས་བགྲང་བྱ་བཅུ་ཕྲག་གི་རིང་ལ་ལང་ཚོ་དང་། ཕ་མས་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ནས་བསགས་པའི་དངུལ་ལོར་རིག་པའི་གནས་ལ་གཏད་པའི་འབྲས་བུ་སྟེ་མཐར་ཕྱིན་འཛིན་ཡིག་དང་ཡོན་གནས་ལག་ཏུ་བཟུང་ནས་སྤྱི་ཚོགས་ཀྱི་ཐེམ་སྐས་དང་པོར་སྤོ་འགོ་བརྩམས།

སློབ་གྲྭའི་སློབ་གཙོས་སློབ་མ་རྣམས་ལ་མཐར་ཕྱིན་འཛིན་ཡིག་གནང་བཞིན་པ།
མཛད་སྒོའི་སྟེང་བོད་ལྗོངས་སློབ་ཆེན་གྱི2013ལོའི་ཕུལ་བྱུང་མཐར་ཕྱིན་སློབ་མ་དང་། བོད་ལྗོངས་སློབ་ཆེན་གྱི་པའོ་ཀཱང་སློབ་གསོའི་བྱ་དགའ་ཐོབ་མཁན། 2012ལོའི་རྒྱལ་ཁབ་ཀྱིས་གནང་བའི་སྦྱངས་འབྲས་གཟེངས་ཐོན་གྱི་བྱ་དགའ་ཐོབ་མཁན་བཅས་ལ་བྱ་དགའ་གནང་བ་རེད།
