logo

དོན་གྲུབ་དབང་འབུམ་གྱིས“ཁུ་ནུ་ཤེས་ཡོན་པའི”ཆེད་ཞུ་དགེ་རྒན་གྱི་འགན་བཞེས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-06-03 ཀློག་གྲངས།:

དོན་གྲུབ་དབང་འབུམ་གྱིས“ཁུ་ནུ་ཤེས་ཡོན་པའི”ཆེད་ཞུ་དགེ་རྒན་གྱི་འགན་བཞེས།
དོན་གྲུབ་དབང་འབུམ་གྱིས“ཁུ་ནུ་ཤེས་ཡོན་པའི”ཆེད་ཞུ་དགེ་རྒན་གྱི་འགན་བཞེས།

        ཟླ5བའི་ཚེས27ཉིན། མཚོ་སྔོན་དགེ་ཐོན་སློབ་ཆེན2013ལོའི་མཚོ་སྔོན་ཞིང་ཆེན“ཁུ་ནུ་ཤེས་ཡོན་པའི”ཆེད་ཞུ་དགེ་རྒན་ཆེན་མོའི་མཛད་སྒོ་སྤེལ་ཞིང་། ཆེད་དུ་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པའམ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། འབུམ་རམས་པའི་ཁྲིད་སྟོན་དགེ་རྒན་དོན་གྲུབ་དབང་འབུམ་ལགས་མཚོ་སྔོན་དགེ་ཐོན་སློབ་ཆེན“ཁུ་ནུ་ཤེས་ཡོན་པར”གདན་ཞུ་བྱས།
        ཁོང་གིས་བཤད་རྒྱུར། གདན་ཞུའི་ལས་འགན་བཞེས་པའི་དུས་ཡུན་ནང་ངེས་པར་དུ་རང་གི་ཆེད་ལས་ནུས་པ་འདོན་སྤེལ་གང་ལེགས་དང་། སློབ་གྲྭའི་ཚན་ཞིབ་ཆེད་མཁས་པ་དང་མཉམ་འབྲེལ་ལེགས་པོ་བྱ་རྒྱུ་ཡིན་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རིག་ཚན་འཛུགས་སྐྲུན་དང་ཚན་ཞིབ་རུ་ཁག་འཛུགས་སྐྲུན།  མི་སྣ་གསོ་སྐྱོང་བཅས་ཀྱི་ཐད་ནས་རང་ནུས་ཡོད་རྒུ་འདོན་ངེས་པ་བསྟན།
        “ཁུ་ནུ་ཤེས་ཡོན་པའི”འཆར་ཇུས་ནི་མཚོ་སྔོན་གྱིས་ཤེས་ལྡན་པའི་ཞིང་ཆེན་དྲག་ཅན་ལག་བསྟར་བྱེད་པའི་འཐབ་ཇུས་ཤིག་ཏུ་ངེས་ཤིང་། 2009ལོ་ནས་བཟུང་ལག་བསྟར་བྱེད་འགོ་བརྩམས་པ་དང་། ལས་གཞི་འདིའི་གདན་ཞུ་རུ་རང་བྱུང་ཚན་རིག་དང་མཚན་ཉིད་སྤྱི་ཚོགས་ཚན་རིག་འདུས་ལ། ཆེད་ཞུ་དགེ་རྒན་ཆེན་མོས་འགན་བཞེས་དུས་ཡུན་ནི་ལོ3དང་འཆད་ཁྲིད་དགེ་རྒན་ཆེན་མོའི་འགན་བཞེས་དུས་ཡུན་ནི་ཟླ6ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།