རེབ་གོང་སྒྱུ་རྩལ་ཞེས་པའི་མུ་འབྲེལ་ཆེད་དོན་གློག་བརྙན་དངོས་སུ་ཕབ་བསྐྲུན་བྱེད་འགོ་ཚུགས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-05-31
ཀློག་གྲངས།:
རེབ་གོང་སྒྱུ་རྩལ།
ཉེ་ཆར། གཙང་གསུམ་འབྱུང་ཡུལ་གྱི་རིག་གནས་ཐོན་ཁུངས་གྲངས་མཛོད་ལས་རེབ་གོང་སྒྱུ་རྩལ་ཞེས་པའི་མུ་འབྲེལ་ཆེད་དོན་གློག་བརྙན་དངོས་སུ་ཕབ་བསྐྲུན་བྱེད་འགོ་བརྩམས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་རེབ་གོང་སྒྱུ་རྩལ་གྱི་མུ་འབྲེལ་ཆེད་དོན་གློག་བརྙན་ནི་གཙང་གསུམ་འབྱུང་ཡུལ་གྱི་རིག་གནས་ཐོན་ཁུངས་གྲངས་མཛོད་དེའི་ཡ་གྱལ་ཡིན་ཞིང་། སྤྱིའི་འཆར་བཀོད་ལྟར་ན་ཁག24དང་ལེའུ388འདུས་པ་སྟེ། ཐང་ག་དང་། འཇིམ་རྐོས། གཙགས་དྲུབས། ཤིང་བརྐོས། མར་བཟོས་མེ་ཏོག དམངས་ཁྲོད་ཞབས་བྲོ། ཟློས་གར། གནའ་ཤུལ་གྲགས་ཅན། ཚོན་རྫ་སོགས་སྒྱུ་རྩལ་ཆེད་དོན་གྱི་ནང་དོན་ཕུན་སུམ་ཚོགས་པ་འདུས།
འབྲེལ་ཡོད་འོས་སྦྱོར།