བྲག་དམར་ཤང་སློབ་ཆུང་གིས་སློབ་མ་རྣམས་ལ་ལུས་ཕུང་བརྟག་དཔྱད་ཀྱི་བྱ་འགུལ་སྤེལ་བ།
སློབ་མའི་ལུས་པོ་བདེ་ཐང་ལ་བརྟག་དཔྱད་བྱེད་པ།
དེ་ཡང་བྱ་བ་ཐམས་ཅད་ཀྱི་འབྱུང་རྩ་ནི་བདེ་ཐང་གི་ལུས་ཕུང་ཞིག་ཡོད་དགོས་ཤིང་། བདེ་ཐང་གི་ལུས་ཕུང་ཞིག་ཡོད་ན་ད་གཟོད་བྱ་བ་གང་ལ་ཡང་བདེ་བླག་ངང་འཇུག་ཐུབ་པ་རེད། སྣང་ཚུལ་དེ་ལ་དམིགས་ནས། ཉེ་ཆར། ཐེམ་ཆེན་རྫོང་བྲག་དམར་ཤང་སློབ་ཆུང་གིས་སྨན་པ་གདན་ཞུ་བྱས་ཏེ་དགེ་སློབ་སྤྱིའི་ལུས་ཕུང་བརྟག་དཔྱད་ཀྱི་བྱ་འགུལ་སྤེལ།
སློབ་མའི་ལུས་པོ་བདེ་ཐང་ལ་བརྟག་དཔྱད་བྱེད་པ།
ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད། སློབ་གྲྭའི་སློབ་མ་དག་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་ཐོགས་ངེས་ཅན་ཞིག་ཐོབ་པར་མ་ཟད། སློབ་གྲྭས་རྗེས་ཕྱོགས་ཀྱང་མུ་མཐུད་དུ་གཙང་སྦྲར་དོ་སྣང་དང་། ནད་རིགས་སྔོན་འགོག་ལ་ཤུགས་བསྣན་ཏེ་ལུས་ཕུང་བརྟག་དཔྱད་ཀྱི་བྱ་འགུལ་གང་རུང་སྤེལ་ནས་སློབ་ཆུང་སློབ་མ་འདི་དག་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་པར་འཆར་གཞི་གང་ལེགས་ཤིག་བཏོན་པ་རེད།
སློབ་མའི་ལུས་པོ་བདེ་ཐང་ལ་བརྟག་དཔྱད་བྱེད་པ།