logo

ནུབ་བྱང་མི་རིགས་སློབ་ཆེན་དུ་རིག་གནས་དུས་ཆེན་གྱི་མུ་འབྲེལ་བྱ་འགུལ་ལས་རྩོམ་འབྲིའི་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-31 ཀློག་གྲངས།:

西北民大举行第二届大学生藏族文化月系列活动之现场写作赛
ནུབ་བྱང་མི་རིགས་སློབ་ཆེན་དུ་བོད་ཀྱི་རིག་གནས་དུས་ཆེན་གྱི་མུ་འབྲེལ་བྱ་འགུལ་ལས་རྩོམ་འབྲིའི་འགྲན་བསྡུར་སྤེལ་བ།

  ཉེ་ཆར། ནུབ་བྱང་མི་རིགས་སློབ་ཆེན་གྱི་སྐབས་གཉིས་པའི་བོད་ཀྱི་རིག་གནས་དུས་ཆེན་གྱི་མུ་འབྲེལ་བྱ་འགུལ་ལས་རྩོམ་འབྲིའི་འགྲན་བསྡུར་སྤེལ་ཞིང་། སློབ་གྲྭ་དེ་གའི་ཚེ་སྲོག་དང་ཚན་རིག་ཞིབ་འཇུག་གླིང་དང་། དར་མའི་སློབ་གསོའི་སློབ་གླིང་། བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་སོགས་ནས་ཡོང་བའི་སློབ་མ31འགྲན་བསྡུར་ལ་ཞུགས་པ་རེད།
  ཐེངས་འདིའི་རྩོམ་འབྲིའི་འགྲན་བསྡུར་གྱིས་ཕུགས་བསམ་དང་མི་ཚེའི་རིན་ཐང་། སློབ་གསོ་སོགས་བརྗོད་བྱ་རུ་བྱས་ནས་ཡིག་གྲངས3000དང་དུས་ཚོད་སྐར་མ90རུ་གཏན་ཁེལ་བྱས་ནས་འགྲན་བསྡུར་སྤེལ་བ་རེད། འགྲན་བསྡུར་འདིས་སློབ་མ་རྣམས་ཀྱི་རྩོམ་རིག་གསར་རྩོམ་གྱི་བརྩོན་སེམས་དང་རྩོམ་འབྲིའི་ནུས་པ་མཐོ་རུ་འདེགས་ཐུབ་པའི་ཁར། ཁོང་ཚོའི་སློབ་རའི་འཚོ་བ་ཕུན་སུམ་ཚོགས་པར་བཏང་བ་རེད།


འབྲེལ་ཡོད་འོས་སྦྱོར།