logo

མཚོ་ལྷོ་ཁུལ་བོད་ཡིག་འཚོལ་བཤེར་མ་ལག་ཞིབ་འཇུག་འདོན་སྤེལ་གྱི་བྱ་བའི་ཕན་འབྲས་མངོན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-31 ཀློག་གྲངས།:

海南州藏文搜索引擎系统开发研究工作显成效
ཚོགས་རའི་ཟུར་ཞིག

  ཟླ5པའི་ཚེས28ཉིན། མཚོ་ལྷོ་ཁུལ་བོད་ཡིག་འཚོལ་བཤེར་དོ་དམ་མ་ལག་འདོན་སྤེལ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཐེངས་དང་པོའི་ཚོགས་འདུ་དེ་ཁུལ་ཚོགས་འདུ་ལྟེ་གནས་སུ་བསྡུས་པ་རེད། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་བོད་ཡིག་འཚོལ་བཤེར་དོ་དམ་མ་ལག་ཞིབ་འཇུག་འདོན་སྤེལ་གྱི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཏུའུ་ཁྲིན་ཀྲུང་ལགས་ཀྱིས་ཚོགས་འདུར་མདོ་འཛིན་བྱས་ཤིང་། འགོ་ཁྲིད་ཚན་ཆུང་གི་ཁོངས་ཞུགས་ལས་ཁུངས་སོ་སོ་ཚོགས་འདུར་ཞུགས་ནས་སོ་སོའི་བསམ་འཆར་བརྗོད་པ་རེད།
  མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ཚེ་ལོ་ལགས་ཀྱིས་བོད་ཡིག་འཚོལ་བཤེར་མ་ལག་ཞིབ་འཇུག་འདོན་སྤེལ་གྱི་བྱ་བའི་གནས་ཚུལ་སྟེ། བོད་ཡིག་འཚོལ་བཤེར་མ་ལག་ཞིབ་འཇུག་འདོན་སྤེལ་གྱི་ནང་དོན་དང་ད་ལྟའི་གནས་བབ། བོད་ཡིག་ལན་ལྡོན་མ་ལག  བོད་ཡིག་འཚོལ་བཤེར་མ་ལག་གི་དཀྱིལ་སྙིང་སྟེ་ཚིག་གི་དབྱེ་སྟངས། མིག་སྔའི་གནད་དོན་དང་གྲོས་འཆར་སོགས་ཀྱི་ཐད་ནས་སྙན་ཞུ་འབུལ་ཞིང་། བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་བོད་ཡིག་འཚོལ་བཤེར་མ་ལག་ཞིབ་འདོན་སྤེལ་བྱེད་པའི་དགོངས་སྙིང་ནི་བོད་ཡིག་འཚོལ་བཤེར་མ་ལག་ལ་བརྟེན་ནས་བོད་ཀྱི་རིག་གནས་དར་སྤེལ་དང་བོད་ཡིག་བཀོལ་སྤྱོད་བྱེད་མཁན་རྣམས་ཀྱིས་ཆ་འཕྲིན་འཚོལ་བཤེར་བྱེད་པར་སྟབས་བདེ་ཞིག་བསྐྲུན་རྒྱུ་དེ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།