logo

བོད་རང་སྐྱོང་ལྗོངས2013ལོའི་བོད་ལྗོངས་མི་རིགས་སློབ་གླིང་སློབ་ཐོན་ལས་ཞུགས་མི་སྣ་བསྡུ་ལེན་ཆེད་ཚོགས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-30 ཀློག་གྲངས།:

བོད་རང་སྐྱོང་ལྗོངས2013ལོའི་བོད་ལྗོངས་མི་རིགས་སློབ་གླིང་སློབ་ཐོན་ལས་ཞུགས་མི་སྣ་བསྡུ་ལེན་ཆེད་ཚོགས།
བོད་རང་སྐྱོང་ལྗོངས2013ལོའི་བོད་ལྗོངས་མི་རིགས་སློབ་གླིང་སློབ་ཐོན་ལས་ཞུགས་
མི་སྣ་བསྡུ་ལེན་ཆེད་ཚོགས།(པར་རིས་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ)

        ཟླ5བའི་ཚེ26ཉིན། 2013ལོའི་བོད་ལྗོངས་མི་རིགས་སློབ་གླིང་སློབ་ཐོན་ལས་ཞུགས་མི་སྣ་བསྡུ་ལེན་ཆེད་ཚོགས་དེ་ཧྲན་ཞི་ཞན་དབྱང་དུ་ཆགས་པའི་བོད་ལྗོངས་མི་རིགས་སློབ་གླིང་དུ་སྤེལ་ཞིང་། བོད་རང་སྐྱོང་ལྗོངས་དང་ཧྲན་ཞི་ཞིང་ཆེན་གྱི་ལས་ཁུངས42ཀྱིས་ལས་གནས400ལྷག་མཁོ་སྤྲོད་བྱས་པ་དང་། དེར་དངུལ་རྩ་དང་། ཚོང་གཉེར། བཟོ་ཚོང་། ཡུལ་སྐོར། དྲུང་ཡིག་སོགས་ལས་རིགས40འདུས་ལ། བོད་ལྗོངས་ཀྱི་མཐར་ཕྱིན་སློབ་མ2580ལྷག་ཐེངས་འདིའི་མི་སྣ་བསྡུ་ལེན་ཆེད་ཚོགས་སུ་ཞུགས་ཤིང་། དེ་ལས་སློབ་མ329ནི་མི་སྣ་བསྡུ་ལེན་ལས་ཁུངས་དང་ལས་ཞུགས་འདོད་མཐུན་བྱུང་།
        ཆེད་ཚོགས་འདི་ནི་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་གཙོ་སྒྲུབ་དང་། བོད་ལྗོངས་མི་རིགས་སློབ་གླིང་གིས་འགན་སྒྲུབ། སློབ་གསོ་ཐིན་དང་ནོར་སྲིད་ཐིན། རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཚོགས། བཟོ་ཚོང་ལས་རིགས་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་རོགས་སྒྲུབ་བྱས།


འབྲེལ་ཡོད་འོས་སྦྱོར།