logo

མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མས་བོད་ཡིག་ཡིག་གཟུགས་དང་རོལ་རྩེད་མཉེན་ཆས་སྔོག་འདོན་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-29 ཀློག་གྲངས།:

        ཉེ་ལམ། མཚོ་སྔོན་མི་རིགས་སློབ་ཆེན་རྩིས་འཁོར་སློབ་གླིང་གི་སློབ་མ་བྱམས་པ་ཐར་དང་། རྡོ་རྗེ་སྐྱིད། འབྲུག་སྐྱིད་འཚོ། ཚེ་རིང་ལྷ་མོ། དུང་མཚོ་སྒྲོལ་མ། མཁའ་འགྲོ་འཚོ་སོགས་སྐོར་ཞིག་གིས་སྔོག་འདོན་བྱས་པའི་བོད་ཡིག་མཉེན་ཆས《A ཀླུ་ཚང་བསྟན་འཛིན་ཡིག་གཟུགས》དང《ཉ་འགྱིག》མཐར་ཕྱིན་དཔྱད་རྩོམ་བགྲོ་ཚོགས་ལས་དགེ་རྒན་རྣམས་ཀྱི་ཁས་ལེན་ཐོབ།
        སློབ་མ་རྣམས་ཀྱིས་དངོས་སྦྱོང་གི་དུས་ཡུན་བེད་སྤྱད་དེ་གཏིང་ཟབ་པའི་སྒོ་ནས་ཚན་ཞིབ་བྱས་ཤིང་། འབྲེལ་ཡོད་རྒྱུ་ཆ་འཚོལ་སྡུད་དང་ཆེད་མཁས་པར་བློ་དྲིས་པ་དང་། ལོ་ཕྱེད་རིང་གི་འབད་བརྩོན་ཆེན་པོའི་འོག་མཉེན་ཆས་འདིའི་སྔོག་འདོན་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་། ད་ལྟ་ཚོད་ལྟའི་ངང་བཀོལ་སྤྱོད་བྱེད་པའི་སྒང་ཡིན་པ་རེད།

《A ཀླུ་ཚང་བསྟན་འཛིན་ཡིག་གཟུགས》ངོ་སྤྲོད།
        ཡིག་ཟུགས་འདི་ནིWindowsརུ་འཁོར་སྐྱོད་བྱེད་པ་དང་། Unicodeཨང་སྒྲིག་བེད་སྤྱོད་བྱས་ཡོད། ཡིག་གཟུགས་མིག་ལ་མཛེས་པ་དང་།  དེའི་ཆེ་ཆུང་ནི་རྒྱ་ཡིག་དང་དབྱིན་ཡིག་དང་གཅིག་མཚུངས་ཡིན།

《ཉ་འགྱིག》ངོ་སྤྲོད།
        མཚོ་ནང་འཇིག་རྟེན་ནི་འགྱིག་གི་རྒྱབ་ལྗོངས་སུ་བྱེད་ཅིང་། ཉ་མོ་ནི་འགྱིག་རྡེའུ་དང་། ཚགས8བཅས་ལས་འགྱིག་རིས་འདི་གྲུབ། དེ་ལས་གསེར་ཉ་ནི་རང་གི་རྡེའུ་དང་དངུལ་ཉ་ནི་དགྲ་ཕྱོགས་ཀྱི་རྡེའུ་ཡིན། བེད་སྤྱོད་པས་རོལ་རྩེད་རྣམ་པ་གཉིས་འདེམ་ག་བྱེད་ཆོག་པ་དང་། རྡེའུ་ཕྱིར་འཇོག་པ་དང་རྡེའུ་གང་འགྲོ་རེས་ཡིན་པའི་གསལ་འདེབས་སོགས་མནོན་མཐེབ་ཀྱང་ཡོད།


འབྲེལ་ཡོད་འོས་སྦྱོར།