logo

ཀན་ལྷོའི་ཨུར་སྟེང་སྡེ་བས་བོད་ཀྱི་ཟློས་གར་རྒྱུན་འཛིན་བྱེད་བཞིན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-24 ཀློག་གྲངས།:

南木特藏戏演出
ཨུར་སྟེང་སྡེ་བའི་འཁྲབ་སྟོན་པ་རྣམས་ཀྱིས་ཟློས་གར་འཁྲབ་སྟོན་བྱེད་བཞིན་པ།

ཟློས་གར་ལ་ལྟ་བཞིན་པའི་མང་ཚོགས།

  ཀན་ལྷོ་ཁུལ་ཟམ་ཚ་ཡུལ་ཚོའི་ཨུར་སྟེང་སྡེ་བས་ལོ་ངོ34རིང་ལ་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཏེ་ཟློས་གར་གྱི་འཁྲབ་སྟོན་རྒྱུན་འཛིན་དང་དར་སྤེལ་བཏང་ནས། སྡེ་བ་དེ་གར་འཁྲབ་གཞུང་ཆ་ཚང་ཡོད་པའི་འཁྲབ་སྟོན་དཔུང་སྡེ་ཞིག་གྲུབ་འདུག་ལ། ཁོང་ཚོས་ད་བར་དུ་རྒྱུན་མ་ཆད་པར་ཟློས་གར་འཁྲབ་སྟོན་བྱས་པར་བརྒྱུད་ནས་ཀན་ལྷོའི་དམངས་ཁྲོད་དུ་དར་ཁྱབ་བྱུང་། ཡིན་ཡང་། བྱ་འགུལ་གྱི་ཁོངས་རྒྱ་ཆུང་བ་དང་མ་དངུལ་ཉུང་བ། འཁྲབ་སྟོན་བྱེད་མཁན་དཀོན་པ་སོགས་ཀྱིས་ཟློས་གར་གྱི་འཛིན་སྤེལ་ལ་འགག་རྒྱ་ཆེན་པོ་བཟོས་པ་དང་། ཕྱིས་སུ་བོད་ཀྱི་ཟློས་གར་དེ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་རུ་བཞག་པ་ནས་བཟུང་། བོད་ཀྱི་ཟློས་གར་སྒྱུ་རྩལ་ལ་ཡང་བསྐྱར་སྐྱེ་སྟོབས་རྒྱས་པ་རེད།
  ཨུར་སྟེང་སྡེ་བས་རྒྱུན་དུ་འཁྲབ་སྟོན་བྱེད་པའི་འཁྲབ་གཞུང་ནི་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ཀྱི་ཡ་གྱལ་ཏེ《ཆོས་རྒྱལ་ནོར་བཟང》གི་རྣམ་ཐར་ཡིན་ཞིང་། བོད་ཀྱི་ཟློས་གར་དེ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་བཞག་རྗེས། སྡེ་བ་དེར་ཀན་ལྷོའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ཀྱི་གཞི་རྟེན་བཙུགས་ལ། རྒྱལ་ཁབ་ཀྱིས་འཁྲབ་སྟོན་རོགས་དངུལ་དང་འཁྲབ་སྟོན་གྱི་སྒྲིག་ཆས་སོགས་གནང་བས། ཁོང་ཚོའི་འཁྲབ་སྟོན་གྱི་ཆ་རྐྱེན་ཇེ་ལེགས་སུ་སོང་ཞིང་འཁྲབ་སྟོན་པའང་ཇེ་མང་དུ་སོང་བ་རེད།


འབྲེལ་ཡོད་འོས་སྦྱོར།