ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་ཁུལ་སྟོན་བསུ་བའི་རི་མོ་འགྲེམ་སྟོན་སྤེལ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པཽ་དྲ་བ།
དུས་ཚོད།:2013-05-22
ཀློག་གྲངས།:

ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་མཚོ་ལྷོ་ཁུལ་བཙུགས་ནས་ལོ་འཁོར60ལོན་པར་རི་མོ་འགྲེམ་སྟོན་གྱི་བྱ་འགུལ་སྤེལ།
ཟླ5བའི་ཚེས17ཉིན། ཁྲི་ཀ་མི་རིགས་བཅའ་སྡོད་སློབ་གྲྭས་མཚོ་ལྷོ་ཁུལ་བཙུགས་ནས་ལོ་འཁོར60བསུ་བའི་གོ་སྐབས་དང་བསྟུན་ནས་སློབ་གྲྭའི་རིག་གནས་ཕུན་སུམ་ཇེ་ཚོགས་དང་གསོན་ཉམས་ཅན་དུ་བསྐྲུན་ཕྱིར། སློབ་གྲྭའི་དགེ་སློབ་རྣམས་ཀྱི་རི་མོ་བརྩམས་ཆོས་འགྲེམ་སྟོན་ཏེ་དཔྱིད་ཀྱི་རེ་སྨོན་ཞེས་པའི་བྱ་འགུལ་སྤེལ་བ་རེད།

སློབ་མ་རྣམས་ཀྱིས་རི་མོ་འགྲེམ་སྟོན་ལ་དངོས་མྱོང་བྱེད་བཞིན་པ།
ཐེངས་འདིའི་བྱ་འགུལ་དུ་བསྡོམས་པས་བརྩམས་ཆོས500ལྷག་འགྲེམ་སྟོན་བྱས་པ་དང་། འདིའི་ཁྲོད་དགེ་རྒན་འགའི་ཐང་གའི་བརྩམས་ཆོས་དང་། སློབ་བུའི་དྲས་ཤོག མགྱོགས་བྲིས། ལྗོངས་བྲིས་སོགས་ཡོད།
འབྲེལ་ཡོད་འོས་སྦྱོར།
