མང་རྫོང་མི་རིགས་སློབ་འབྲིང་དུ་དགེ་བཟོ་བའི་འཁྲབ་བཤད་འགྲན་བསྡུར་སྤེལ་བ།
མང་རྫོང་མི་རིགས་སློབ་འབྲིང་དུ་དགེ་བཟོ་བའི་འཁྲབ་བཤད་འགྲན་བསྡུར་སྤེལ་བཞིན་པ།
ཟླ5བའི་ཚེས16ཉིན་གྱི་ཕྱི་དྲོར། མཚོ་ལྷོ་ཁུལ་མང་རྫོང་མི་རིགས་སློབ་འབྲིང་གིས་ཁ་བྱང་ལ《ང་རང་དགེ་རྒན་གྱི་ལས་གནས་སྟེང་དུ》ཞེས་པའི་དགེ་བཟོ་བའི་འཁྲབ་བཤད་འགྲན་བསྡུར་ཐེངས་གཅིག་སྤེལ་བ་དང༌། ཐེངས་འདིའི་འགྲན་བསྡུར་ནི་རྒྱ་སྐད་དང་བོད་སྐད་གཉིས་ཀྱི་ལམ་ནས་དགེ་རྒན་རང་རང་གིས་ལས་གནས་སྟེང་དུ་ཕྲད་པའི་དགའ་སྡུག་ཆགས་ཞེན་གྱི་མི་ཚེའི་གཏམ་རྒྱུད་དང་སློབ་གསོའི་ཉམས་མྱོང་བཤད་པ་གཙོ་བོར་བྱས་པས། འགྲན་ཞུགས་དགེ་རྒན་དག་གིས་རང་གི་ཉེ་གམ་དུ་བྱུང་བའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་མང་པོ་ལྷུག་པོར་བརྗོད་བྱུང་ལ། དེ་ལས་དེང་རབས་བོད་ཀྱི་སྙན་ངག་པའི་ཚོགས་པ་མི་རབས་གསུམ་པའི་ཚོགས་མི་འབྲུག་ལྗང་གི《ངས་ལམ་བུ་འདི་འདེམ་པར་ནོངས་འགྱོད་མེད》ཅེས་པ་དང་འབྲོང་ཕྲུག་གི《དགེ་རྒན་ནི་སློབ་མའི་ཕ་མ་ཡིན་ལ་གྲོགས་པོའང་ཡིན》ཞེས་པའི་འཁྲབ་བཤད་གཉིས་ཀྱིས་སོ་སོར་ཨང་དང་པོ་དང་གཉིས་པ་བླངས་པ་རེད།
འབྲུག་ལྗང་གིས་<<ངས་ལམ་བུ་འདི་འདེམ་པར་ནོངས་འགྱོད་མེད>>ཅེས་པ་འཁྲབ་བཤད་བྱེད་པའི་ཚུལ།
འབྲོང་ཕྲུག་གིས<<དགེ་རྒན་ནི་སློབ་མའི་ཕ་མ་ཡིན་ལ་གྲོགས་པོའང་ཡིན>>ཞེས་པའི་འཁྲབ་བཤད་བྱེད་བཞིན་པ།