logo

བོད་ལྗོངས་སུ་དཔེ་རྙིང་རྩ་ཆེན་སྐོར་ཐེངས་བཞི་རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་ཐོར་བདམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-14 ཀློག་གྲངས།:
  རྒྱུས་ལོན་བྱུང་བ་ལྟར་ན། 2007ལོར་བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལས་གྲྭ་འགོ་ཚུགས་པ་ནས་བཟུང་། ལྗོངས་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་སྡེ་ཁག་གིས་ཁྱོན་ཡོངས་སུ་རྩིས་བཤེར་དང་སྲུང་སྐྱོབ། དྲིལ་སྒྲོག ཞིབ་འཇུག་སོགས་ཀྱི་བྱ་བ་སྤེལ་བ་རེད། མིག་སྔར་ཁུལ་ཡོངས་སུ་སྐོར་ཐེངས་བཞི་ལ་བསྡོམས་པས་དཔེ་རྙིང་རྩ་ཆེན་པོ་ཏི158རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་ཐོར་བདམས་ཤིང་། དཔེ་རྙིང་ཉར་ཚགས་ཀྱི་ལས་ཁུངས4རྒྱལ་ཡོངས་ཀྱི་དཔེ་རྙིང་རྩ་ཆེན་ཉར་ཚགས་ཀྱི་ལས་ཁུངས་ཞེས་པའི་མིང་ཐོར་བདམས་པས། དཔེ་རྙིང་རྩིས་བཤེར་དང་སྲུང་སྐྱོབ་ལ་ཕན་འབྲས་མངོན་གསལ་ཐོན་པ་རེད།
  བོད་ལྗོངས་རིག་གནས་ཐིན་སྤྱི་ཚོགས་རིག་གནས་ཁྲུའུ་ཁྲུའུ་ཀྲང་ཉི་མ་ལགས་ཀྱིས་བཤད་རྒྱུར། 《བོད་ལྗོངས་ཀྱི་དཔེ་རྙིང་སྲུང་སྐྱོབ་བྱ་བའི་ལག་བསྟར་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》ཞེས་པ་དེས་བོད་ལྗོངས་ཀྱི་དཔེ་རྙིང་རྩིས་བཤེར་དང་སྲུང་སྐྱོབ་བྱ་བ་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་འཛིན་སྤེལ་བྱེད་པར་དགེ་མཚན་ཆེན་པོ་ལྡན་ཞེས་བརྗོད་པ་རེད།


འབྲེལ་ཡོད་འོས་སྦྱོར།