logo

བོད་ལྗོངས་ཀྱི་གར་སྟེགས་ཟློས་གར《པདྨ་འོད་འབར》ཞེས་པ་ཟླ5པའི་ཟླ་མཇུག་ལ་འཁྲབ་སྟོན་བྱ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-13 ཀློག་གྲངས།:

  ཟློས་གར་ཆེན་མོ་ལས་བསྒྲིགས་པའི་བོད་ལྗོངས་ཀྱི་གར་སྟེགས་ཟློས་གར《པདྨ་འོད་འབར》ཞེས་པ་ཟླ5པའི་ཟླ་མཇུག་ལ་ཐོག་མར་འཁྲབ་སྟོན་བྱ་རྒྱུ་རེད། བསྒྱུར་བསྒྲིགས་བྱས་པའི་གར་སྟེགས་ཟློས་གར་ལ་འཁྲབ་སྟོན་པ་མི35ཡོད་ཅིང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འཁྲབ་སྟོན་པ་དཔལ་བཟང་ལགས་ཀྱིས་ཟློས་གར་ཁྲོད་ཀྱི་མི་སྣ་གཙོ་བོ་སྟེ་པདྨ་འོད་འབར་ཞེས་པ་འཁྲབ་སྟོན་བྱེད་རྒྱུ་རེད།
  《པདྨ་འོད་འབར》བསྒྱུར་བསྒྲིགས་བྱེད་པའི་འགན་འཁུར་བ་བསྟན་འཛིན་ཚེ་རིང་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཟློས་གར《པདྨ་འོད་འབར》བསྒྱུར་བསྒྲིགས་བྱེད་པར་དཀའ་ཁག་ཆེན་པོ་འདུག་པ་སྟེ། གཏམ་རྒྱུད་ཁྲོད་ཀྱི་སྔར་ཡོད་ཀྱི་མི་སྣའི་སྣང་བརྙན་ལ་འགྱུར་བ་མེད་པའི་སྔོན་འགྲོའི་འོག  དེའི་སྨྲ་བརྗོད་དང་ལུས་ཀྱི་ཉམས་འགྱུར་ལ་བསྒྱུར་བསྒྲིགས་དང་ཇེ་ལེགས་སུ་བཏང་ནས། མི་སྣའི་གཤིས་ཀ་དང་དགའ་སྐྱོ་ཆགས་སྡང་སོགས་ཕྱིའི་རྣམ་པའི་ཐོག་མངོན་པར་དོད་པ་དང་། གར་སྟེགས་ཀྱི་མཚོན་ཤུགས་སྔར་དང་མི་མཐུན་པར་བསྒྲིགས་པ་རེད། 


འབྲེལ་ཡོད་འོས་སྦྱོར།