logo

བཀྲ་བྷ་ལགས་ཀྱི་སྒྲུང་འབྲིང《ནས》ཞེས་པའི་རྒྱ་འགྱུར་མ་པར་བསྐྲུན་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-09 ཀློག་གྲངས།:

扎巴中篇小说《青稞》汉译本出版发行
བཀྲ་བྷ་ལགས་ཀྱི་སྒྲུང་འབྲིང《ནས》ཞེས་པའི་རྒྱ་འགྱུར་མ་པར་བསྐྲུན་འགྲེམ་སྤེལ་བྱས་པ།

  ཉེ་ཆར། བོད་ཀྱི་ཕ་སྐད་རྩོམ་པ་པོ་གྲགས་ཅན་ནམ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བཀྲ་བྷ་ལགས་ཀྱི་སྒྲུང་འབྲིང《ནས》ཞེས་པའི་རྒྱ་འགྱུར་མ་པར་བསྐྲུན་འགྲེམ་སྤེལ་བྱས། ཁོང་གི་བརྩམས་ཆོས་འདི་ལ་སྐབས་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་མྱོང་བ་རེད།
  དགེ་རྒན་ཆེན་མོ་བཀྲ་བྷ་ལགས་ཀྱིས་ཡུན་རིང་ལ་རྩོམ་རིག་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་གི་བྱ་བར་འཇུག་བཞིན་ཡོད་ཅིང་། ཁོང་གིས་སྔ་གཞུག་ཏུ《སྒྲོལ་མ་ཉེར་གཅིག》དང《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས》། 《འཚུབ་མ་ཁེར་རྐྱང》། 《ལམ》། 《སྤྲིན་དཀར་གྱི་འོག་ཏུ》། 《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》སོགས་སྒྲུང་གཏམ་དང་སྙན་ངག  ལྷུག་རྩོམ། དཔྱད་རྩོམ་སོགས་བརྩམས་ཆོས་བརྒྱ་ལྷག་བརྩམས་ཡོད་ལ།  དེའི་ཁྲོད《འཚུབ་མ་ཁེར་རྐྱང》ཞེས་པར་སྐབས་བཅུ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་གྱི་རྟ་མཆོག་བྱ་དགའ་ཐོབ་མྱོང་བ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན《ནས》ཞེས་པའི་བརྩམས་སྒྲུང་འདི་ནི་བོད་ཀྱི་ན་གཞོན་རྩོམ་པ་པོ་ལུང་རིན་ཆེན་ལགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་ཞིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།