logo

2013ལོའི་ཝིར་ཇི་ནེ་ཡཱ་སློབ་ཆེན་གྱི་བོད་ཀྱི་སྤྱི་ཚོགས་ཁེ་ལས་སྐོར་གྱི་བགྲོ་གླེང་ཚོགས་འདུ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-07 ཀློག་གྲངས།:

རེ་ཞུའི་དུས་བཀག 2013ལོའི་ཟླ5བའི་ཚེས20(ཟླ་6པའི་ཚེས15བར་དང་ལེན་བྱེད)།
ལས་གཞི་ངོ་སྤྲོད།
        ཨ་རིའི་ཝིར་ཇི་ནེ་ཡཱ་སློབ་ཆེན་གྱི་བོད་ཀྱི་སྤྱི་ཚོགས་ཁེ་ལས་དང་མི་སྣ་གསོ་སྦྱོང་ལས་གཞིས་ཨ་རི་དང་ཀྲུང་གོའི་དབར་མི་སྣ་གསོ་སྦྱོང་གི་ལས་རིམ་ཞིག་སྒྲུབ་རྒྱུ་ཡིན་ལ། བོད་ཁུལ་དུ་འབྱུང་བཞིན་པའི་ཁེ་ལས་པའི་ཁྲོད་ནས་སྤྱི་ཚོགས་ཁེ་ལས་ལ་གཞོལ་པའི་མི་སྣ12བདམས་ཐོན་བྱུང་རྗེས། ཨ་རིའི་ཝི་ཇི་ནེ་ཡཱ་སློབ་ཆེན་དུ་གདན་འདྲེན་བྱས་ཏེ་གཟའ་འཁོར་དྲུག་ལྷག་གི་དུས་ཡུན་སྤྱད་དེ་མི་སྣའི་འཇོན་ནུས་སྐྱེད་སྲིང་བྱ་རྒྱུ་ཡིན་པ་དང་། སྒོས་སུ་བོད་ཀྱི་སྤྱི་ཚོགས་ལ་ཁེ་ཕན་སྐྲུན་ནུས་པའི་ཁེ་ལས་དག་ལ་དམིགས་གསལ་གྱི་གཞོགས་འདེགས་བྱེད་རྒྱུ་ཡིན་ལ། ལས་རིམ་སྣ་ཁ་བཞི་ཡོད་དེ།
1 གསོ་སྦྱོང་འཛིན་གྲྭ་སྒྲུབ་སྟེ་ལག་ལེན་ཐོག་ཁེ་ལས་ཀྱི་འཇོན་ནུས་སྐྱེད་སྲིང་བྱེད་པ།
2 ཚོང་ལས་གྱི་འཇོན་ནུས་འགངས་ཆེན་དག་ལ་དགོས་མཁོ་དང་བསྟུན་ནས་སྦྱོང་བརྡར་བྱེད་པ།
3 སྤྱི་ཚོགས་ཁེ་ལས་དང་ཉམས་མྱོང་བརྗེ་རེས་སྐོེར་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱ་རྒྱུ།
4 ཆེད་དམིགས་ཀྱི་ཁེ་ལས་ཚོགས་པར་ལྟ་སྐོར་དང་། སློབ་སྦྱོང་། ཉམས་མྱོང་བརྗེ་རེས་བྱེད་དུ་འཇུག་རྒྱུ།
        ཨ་རིའི་ལས་རིམ་ལ་ཞུགས་མཁན་ཚོ་བོད་ཁུལ་དུ་བཙུགས་ཟིན་པའམ་འཛུག་བཞིན་པའི་བོད་ཁམས་ཀྱི་ཁེ་ལས་སྣ་ཚོགས་ནས་ཡོང་བ་ཡིན་ཏེ། དཔེར་ན། ཡུལ་སྐོར་ལྗོངས་རྒྱུ། ཚོང་ལས་ཆུང་བ། རོལ་མོ། སློབ་གསོ། གསོ་རིག་སོགས་བཅས་ཡིན་ལ།  རང་ཉིད་ཀྱི་སྤྲོ་བ་དང་ཚོང་ལས་ཁ་ཕྱོགས་དང་བསྟུན་ནས། ཚོགས་ཞུགས་མི་སྣས་སྣ་འཛོམས་རང་བཞིན་གྱི་སྤྱི་ཚོགས་ཁེ་ལས་ལ་སློབ་སྦྱོང་བྱས་ཏེ། བོད་རང་གི་ཁེ་ལས་ཀྱི་རང་ལུགས་ལྟར་རང་སོ་སོའི་ཁེ་ལས་ཀྱི་ནུས་པ་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བར་སློབ་སྦྱོང་དང་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་ཡོད་པ་བཅས་སོ།།
ལས་རིམ་འདིར་རེ་ཞུ་བྱེད་པའི་ཆ་རྐྱེན་ནི།
1 ཀྲུང་གོ་རྒྱལ་ཁབ་ན་ཡོད་པའི་བོད་པ་ཡིན་དགོས་པ།
2 ད་ལྟ་ཁེ་ལས་གཉེར་བཞིན་པའམ་ཡང་ན་རྗེས་སོར་ཚོང་ལས་གཉེར་རྒྱུར་སྤྲོ་བ་ཡོད་མཁན་གྱི་མི་སྣ།
3 མང་ཚོགས་དང་མཉམ་དུ་སྤྱི་ཚོགས་ལ་ལས་ཀ་གཉེར་རྒྱུ་སྤྲོ་བ་ཡོད་མཁན།
4 ཁེ་ཕོགས་ཁོ་ན་མི་གཉེར་བར་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པར་དུངས་པའི་མི་སྣ་ལྷག་བསམ་ཅན།
དུས་ཡུན། གཟའ་འཁོར་དྲུག་གི་རིང་། (2013ལོའི་ཟླ9བའི་ཚེས27ནས་ཟླ11པའི་ཚེས9ཉིན་བར)།
ལས་སྒྲུབ་ས་གནས། ཨ་རིའི་ཝི་ཇི་ནེ་ཡཱ་སློབ་ཆེན།
ལས་གཞིའི་འགྲོ་སོང་། ཀྲུང་གོ་ནས་ཨ་རིའི་ཝིར་ཇི་ནེ་ཡཱ་བར་གྱི་འགྲིམ་འགྲུལ་དང་མགྲོན་ཁང་སོགས་འགྲོ་སོང་ཡོད་ཚད་ཝིར་ཇི་ནེ་ཡཱ་སློབ་ཆེན་ནས་འགན་ཁུར་རྒྱུ་ཡིན།
ལས་གཞིའི་བྱེད་སྒོའི་ཐད་ལ། བོད་ཀྱི་ཁེ་ལས་སྐོར་གྱི་སློབ་ཁྲིད་ལ་ཞུགས་རྒྱུ་དང་། ཚོང་ལས་སློབ་ཁྲིད། གསོ་སྦྱོང་འཛིན་གྲྭ། ཡུལ་དངོས་རྟོག་དཔྱོད་ལ་ཞུགས་རྒྱུ། ཝིར་ཇི་ནེ་ཡཱ་སློབ་ཆེན་ནས་བསྡུས་པའི་བགྲོ་གླེང་ཚོགས་འདུའི་སྟེང་ཉིད་ཀྱིས་ཚོང་ལས་སྐོར་ངོ་སྤྲོད་གླེང་མོལ་གནང་རྒྱུ་བཅས་ཡིན། གཞན་ཡང་། འཆར་གཞིའི་ནང་ལྟར2014ལོའི་དབྱར་ཁར་ཀྲུང་གོ་རུ་བསྡུས་པའི་སྤྱི་ཚོགས་ཁེ་ལས་ཀྱི་བགྲོ་གླེང་ཚོགས་འདུ་གཉིས་ཡོད་པའི་ནང་གི་གཅིག་ལ་ཞུགས་རྒྱུ་དེ་ཡིན།
ལས་གཞིའི་སྔོན་དཔག་གྲུབ་འབྲས།
ལས་རིམ་མཇུག་བསྡུ་བའི་སྐབས་སུ། ཚོགས་ཞུགས་མི་སྣས་གཤམ་གྱི་ནང་དོན་དག་ལ་སློབ་སྦྱོང་བྱས་ཡོད་པ་བྱ་དགོས།
1 སྤྱི་ཚོགས་ཁེ་ལས་ཀྱི་གོ་དོན་དང་ལག་ལེན་སྐོར།
2 ཚོང་ལས་ཀྱི་འཆར་གཞི་འགོད་སྟངས།
3 གསར་སྒྲུབ་ཁེ་ལས་ཀྱི་དོ་དམ་གོང་འཕེལ་དུ་གཏོང་བའི་ཐབས་ལམ།
4 འཛད་སྤྱོད་པའི་དགོས་མཁོ་ལ་དཔྱད་ཞིབ་བྱེད་པའི་ཐབས་ལམ།
5 རྩ་འཛུགས་དོ་དམ་དང་བཀོད་འདོམས་ཐད་ཀྱི་ཐབས་མཆོག
6 ནུས་ལྡན་གྱི་ཁྲོམ་ར་དང་འབྲེལ་བ། ཁྱབ་བསྒྲགས་ཀྱི་ནུས་པ་ཇི་ལྟར་མཐོར་འདེགས་སུ་གཏོང་བ།
7 ཇི་ལྟར་བྱས་ནས་མ་དངུལ་བསྡུ་བ་དང་འགལ་ཟླ་འདུམ་སྒྲིག་བྱེད་པ། ནོར་སྲིད་དོ་དམ་ལག་ལེན་མཐའ་འཁྱོལ་བྱེད་པ།
8 སྔོན་རྩིས་འཆར་གཞི་བཟོ་བ་ཇི་ལྟར་མཐོར་འདེགས་སུ་གཏོང་པ།
9 ཚོགས་ཞུགས་མི་སྣས་ཨ་རིའི་ཁེ་ལས་པ། སློབ་གསོ་བ་དང་སློབ་མ་བཅས་དང་མཉམ་དུ། གཞི་རྒྱ་ཆེ་བའི་སྒོ་ནས་སྤྱི་ཚོགས་འབྲེལ་ལམ་དང་། ཚོས་ལས་མཉམ་འབྲེལ་གྱི་འབྲེལ་བ་དམ་པོ་འཛུགས་རྒྱུ་བཅས་སོ།།
རེ་ཞུ་བྱེད་སྟངས།
དྲ་གནས། སྒོ་ཕྱེ་ནས་སྐད་གསུམ་ཤན་སྦྱར་གྱི་རེ་ཞུའི་རེའུ་མིག་ཕབ་ལེན་བྱོས། རེའུ་མིག་ཆ་ཚང་ཁ་སྐོང་བྱས་རྗེས་ཡིག་སྒམ་འདི་རུ་བསྐུར་རྒྱུ་མཁྱེན། apply@tibetanentrepreneurs.org
ཉིད་ལ་དོགས་གཞི་དང་དྲི་བ་གང་རུང་ཡོད་ཚེ། ཝིར་ཇི་ནེ་ཡཱ་སློབ་ཆེན་གྱི་ཀྲུང་གོའི་དབུ་འཛིན་པ་ཚེ་དཔག་སྐྱབས་ལ་འབྲེལ་གཏུག་བྱེད་རོགས།  ཡིག་སྒམ། info@tibetanentrepreneurs.org ཁ་པར་ཨང་གྲངས། 13540871122
རེ་ཞུ་མི་སྣར་ངེས་པར་ཚང་དགོས་པའི་ཆ་རྐྱེན།
l   དབྱིན་ཡིག་གི་འབྲི་ཀློག་གི་ཆུ་ཚད་ངེས་ཅན་ཞིག་ལྡན་དགོས།
2  མ་མཐའ་བོད་སྐད་གཙང་དག་བཤད་ཐུབ་པ།(ཡུལ་སྐད་གང་རུང་།)
3   ཚོང་ལས་ཀྱི་རྒྱབ་ལྗོངས་སམ་ཡང་ན་ཚོང་འཛུག་འཆར་གཞི་ཡོད་པ།
4  མི་རིགས་བོད་ཡིན་དགོས།
5  ཕྱི་སྐྱོད་ལམ་ཡིག་ཡོད་པ།(ཡང་ན་མྱུར་དུ་ལམ་ཡིག་ལེན་ཐུབ་པ།)
རེ་ཞུའི་དུས་ཚོད།
l   རེ་ཞུ་བསྐུར་བའི་དུས་ཡུན། 2013ལོའི་ཟླ4བའི་ཚེས28ནས་ཟླ5བའི་ཚེས20བར།
2  རེ་ཞུའི་དུས་བཀག 2013ལོའི་ཟླ5བའི་ཚེས20ཡིན་མོད་ཟླ6པའི་ཚེས15བར་དང་ལེན་བྱེད།
3  རེ་ཞུ་བརྟག་ཞིབ་དང་བཅར་འདྲི། 2013ལོའི་ཟླ5བའི་ཚེས1ནསཟླ6པའི་ཚེས15བར།
4   གདམས་ཐོན་ཚོགས་མིའི་མིང་ཐོ། 2013ལོའི་ཟླ6བའི་ཚེས15།
རེ་ཞུའི་དུས་བཀག་ནི་སྤྱི་ཟླ5བའི་ཚེས20ཡིན་མོད་ཟླ6པའི་ཚེས15བར་ང་ཚོས་རེ་ཞུ་དང་ལེན་བྱེད་ངེས་ཡིན། དུས་བཀག་ལྟར་རེ་ཞུའི་ཡི་གེ་སྐུར་མཁན་རྣམས་ལ་དམིགས་གསལ་ཡོད།


འབྲེལ་ཡོད་འོས་སྦྱོར།