logo

ད་ལོ་ནས་བཟུང་ནང་ལོག་གི་བོད་ལྗོངས་འཛིན་གྲྭའི་སློབ་ཡུན་ལོ་བཞི་རུ་གཏོང་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-05-02 ཀློག་གྲངས།:
              བོད་ལྗོངས་རང་སྐྱོང་ལྗོངས་སློབ་གསོ་ཐིན་གྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། 2013ལོ་ནས་བཟུང་ནང་ལོག་གི་བོད་ལྗོངས་འཛིན་གྲྭའི་མཐོ་འབྲིང་གི་སློབ་ཡུན་སྔོན་མའི་ལོ3ནས་ལོ4རུ་གཏོང་རྒྱུ་ཡིན་པ་དང་། ལོ་གཅིག་གི་གྲ་སྒྲིག་འཛིན་གྲྭའི་སློབ་སྦྱོང་གི་དུས་ཡུན་ཁ་བསྣན་པ་རེད།
              མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་སློབ་ཡུན་བཅོས་སྒྱུར་གྱིས་སློབ་མས་ནང་ལོག་གི་མཐོ་རིམ་སྐབས་ཀྱི་སློབ་སྦྱོང་ལ་མྱུར་དུ་གོམས་པར་བྱེད་པ་དང་། གཙོ་བོ་དམའ་འབྲིང་སྐབས་ཀྱི་རྒྱའི་སྐད་ཡིག་དང་དབྱིན་ཡིག  རྩིས་རིག  དངོས་ལུགས། རྫས་འགྱུར། སྐྱེ་དངོས་སོགས་ཀྱི་རྨང་གཞིའི་བསླབ་ཚན་བསྐྱར་སྦྱོང་བྱས་ནས་ནང་ལོག་གི་དམའ་འབྲིང་མཐར་ཕྱིན་སློབ་མའི་ཆུ་ཚད་ལ་སོན་པ། སློབ་མས་ཤེས་བྱ་ཕུན་སུམ་ཚོགས་པར་སློབ་སྦྱོང་བྱས་ནས་སློབ་མའི་ནུས་པ་མཐོ་རུ་འདེགས་པ་སོགས་སུ་ཕན་ནུས་ལྡན་པ་རེད།


འབྲེལ་ཡོད་འོས་སྦྱོར།