logo

ལྷ་སའི་སློབ་ཆུང་དང་པོ་རུ་ང་དཔེ་ཀློག་ལ་དགའ་ཞེས་པའི་གཏམ་བཤད་འགྲན་སྡུར་སྤེལ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-25 ཀློག་གྲངས།:

次旦贡吉说:“读书可以给我力量!”.
སློབ་མ་རྣམས་ཀྱིས་གཏམ་བཤད་གནང་བཞིན་པ།

སློབ་མ་རྣམས་ཀྱིས་གཏམ་བཤད་གནང་བཞིན་པ།

  ཟླ4པའི་ཚེས23ཉིན་ནི་ཐེངས19པའི་འཛམ་གླིག་གི་དཔེ་ཀློག་ཉིན་ཡིན་ཞིང་། ལྷ་སའི་སློབ་ཆུང་དང་པོར་ང་དཔེ་ཀློག་ལ་དགའ་ཞེས་པའི་བྱ་འགུལ་སྤེལ་བ་རེད།
  སློབ་གྲྭའི་འགན་འཁུར་བའི་མཚམས་སྦྱོར་བྱས་པ་ལྟར་ན། སློབ་གྲྭས་སློབ་མ་རྣམས་ལ་ལྟ་ཀློག་གི་གོ་སྐབས་མང་པོ་འདོན་སྤྲོད་བྱེད་ཆེད། ལྷ་སའི་སློབ་ཆུང་དང་པོས་འཛིན་གྲྭ་སོ་སོར་ལྟ་ཀློག་གི་སློབ་ཐུན་གཅིག་རེ་བཀོད་སྒྲིག་བྱས་ཡོད་པས། སློབ་མ་རྣམས་ཀྱིས་རང་མོས་ཀྱིས་དཔེ་ཆ་ལྟ་ཀློག་བྱེད་ཐུབ་པ་རེད།
  དེ་ལས་གཞན་སློབ་གྲྭ་དེ་གའི་སློབ་མ་རྣམས་ཀྱིས་སློབ་གྲྭའི་ལྟ་ཀློག་ཁང་དུ་ཉར་པའི་དཔེ་ཆ3000ལྷག་གི་ནང་དུ་སོ་སོའི་དགའ་ཕྱོགས་ལྟར་དཔེ་ཆ་བལྟ་ཐུབ་ཅིང་། དེས་སློབ་བུ་ཚོ་གཙུག་ལག་རྒྱ་མཚོའི་འཇིངས་སུ་བརྒལ་ནས་རིག་པའི་བགྲོད་ལམ་ཇེ་སྙོམ་དང་ཇེ་ཡངས་སུ་འཕེལ་བར་མཐུན་རྐྱེན་སྦྱར་ཡོད་པ་རེད།


སློབ་མ་རྣམས་ཀྱིས་ནན་ཏན་གྱིས་གཏམ་བཤད་ལ་ཉན་བཞིན་པ།


འབྲེལ་ཡོད་འོས་སྦྱོར།