logo

མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་གི་སློབ་གྲྭ་གཉིས་ཀྱིས་སློབ་ཁྲིད་ཀྱི་ཉམས་མྱོང་བརྗེ་རེས་བྱས་པ།

རྩོམ་པ་པོ།:བོང་སྟག་རི་ལུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-23 ཀློག་གྲངས།:

天骏县两所中学进行交流学习经验
ཐེམ་ཆེན་གྱི་སློབ་གྲྭ་གཉིས་ཀྱིས་སློབ་ཁྲིད་ཀྱི་ཉམས་མྱོང་བརྗེ་རེས་བྱས་པ།
ཐེམ་ཆེན་གྱི་སློབ་གྲྭ་གཉིས་ཀྱིས་སློབ་ཁྲིད་ཀྱི་ཉམས་མྱོང་བརྗེ་རེས་བྱས་པ།

  ཉེ་ཆར། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོ་དང་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་གཉིས་ཀྱིས་གཏེར་ལེན་ཁ་གྲོང་ཁྱེར་དུ་གནས་སྤོ་བྱས་ཡོད་པའི་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་སློབ་ཁྲིད་བྱེད་ཐབས་ཀྱི་སྟེང་ནས་ཕན་ཚུན་ལ་ཉམས་མྱོང་བརྗེ་རེས་བྱས།
  དེ་ཡང་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་བོད་ཡིག་དགེ་རྒན་གསུམ་ཙམ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པར་ཕེབས་ནས་བོད་སྐད་ཡིག་གི་སློབ་ཁྲིད་བྱས་པ་དང་། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་བོད་ཡིག་སྡེ་ཁག་གི་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་ལ་ཟུར་ཉན་བྱས་ཤིང་། སློབ་ཁྲིད་མཇུག་རྫོགས་རྗེས་བོད་ཡིག་དགེ་རྒན་རྣམས་ཀྱིས་ཐེངས་འདིའི་སློབ་ཁྲིད་བརྒྱུད་དེ། སློབ་ཁྲིད་བྱེད་ཐབས་ཀྱི་སྟེང་ནས་རང་རང་གི་བསམ་ཚུལ་ལྷུག་པོར་བརྗོད་པ་རེད།
  ཐེངས་འདིར་སློབ་གྲྭ་ཕན་ཚུན་བར་ལ་སློབ་ཁྲིད་བྱེད་སྟངས་དང་། སློབ་གསོ་སྐྱོངས་ཐབས་ཀྱི་སྟེང་ནས་ཉམས་མྱོང་བརྗེ་རེས་བྱས་པ་འདིས། སློབ་གྲྭ་ཕན་ཚུན་བར་དང་། ལས་གྲོགས་ཕན་ཚུན་བར་ལ་མཛའ་བརྩེ་ཟབ་མོ་ཞིག་ཆགས་སུ་བཅུག་པར་མ་ཟད། སློབ་གྲྭ་ཡོངས་ཀྱི་དགེ་རྒན་རྣམས་ཀྱིས་མ་འོངས་པར་རང་རང་གི་སློབ་ཁྲིད་བྱེད་སྟངས་ཀྱི་ཐད་ནས། དུས་རབས་དང་འཚམས་ཤིང་སློབ་མའི་བློ་ཁ་དང་འཚམས་ལ། རྣམ་པ་གསར་བའི་སྒོ་ནས་སློབ་ཁྲིད་བྱེད་པའི་འདུ་ཤེས་མཐོ་རུ་འདེགས་པར་ཕན་ཐོགས་ངེས་ཅན་ཞིག་ཐོབ་པ་རེད།


འབྲེལ་ཡོད་འོས་སྦྱོར།