logo

མགོ་ལོག་དར་ལག་རྫོང་དུ་བྱིས་སྐྱོང་ཁང4བསྐྲུན་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-04-02 ཀློག་གྲངས།:

  མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་སློབ་གསོ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ5པ་ནས་བཟུང་རྫོང་འདིར་བྱིས་སྐྱོང་ཁང4བསྐྲུན་འགོ་རྩོམ་རྒྱུ་ཡིན་ཞིང་། སྔོན་དཔག་ལྟར་ན་ད་ལོའི་ཟླ10པར་ལེགས་འགྲུབ་འབྱུང་རྒྱུ་རེད།
  བྱིས་སྐྱོང་ཁང4བོ་དེ་དར་ལག་རྫོང་ཁོངས་ཀྱི་རྒྱུད་སྨད་གྲོང་རྡལ་དང་འཛུགས་སྐྲུན་ཡུལ་ཚོ། སྨར་འབྲིང་ཡུལ་ཚོ། འོད་ཟེར་ཡུལ་ཚོ་བཅས་སུ་བསྐྲུན་རྒྱུ་ཡིན་ཏེ། དེའི་ཁྲོད་རྒྱུད་སྨད་གྲོང་རྡལ་གྱི་བྱིས་སྐྱོང་ཁང་ནི་གཞི་རྒྱ་ཆེས་ཆེ་བ་ཡིན་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1896ཡོད་ལ། སློབ་ཁང་དང་ཟ་ཁང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་ལས་གཞན་སྒོར་ཁྲི10ཡི་བྱིས་པའི་རོལ་རྩེད་ཀྱི་སྒྲིག་ཆས་ཆ་ཚང་བསྒྲིག་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།