ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་རའི་དཔེ་ཀློག་བྱ་འགུལ་སྤེལ་བ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-03-30
ཀློག་གྲངས།:
ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་རའི་དཔེ་ཀློག་བྱ་འགུལ་སྤེལ་བ།
ཟླ3པའི་ཚེས24ཉིན། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་གཙོ་སྒྲུབ་དང་། སློབ་གླིང་གི་སློབ་མའི་མཐུན་ཚོགས་ཀྱིས་འགན་སྒྲུབ་གནང་བའི་གཟའ་མཇུག་གི་དཔེ་ཀློག་བྱ་འགུལ་སྤེལ་བ་རེད།
འདི་ལྟ་བུའི་གཟའ་མཇུག་གི་དཔེ་ཀློག་བྱ་འགུལ་ལས་རིན་ཐང་ལྡན་པའི་དཔེ་དེབ་ཀློག་ནས་སློབ་མ་རྣམས་ལ་གོ་བསྐོན་བློ་འགུག་གི་ཚོར་འདུ་བསྐྱེད་ཅིང་སློབ་རའི་འཚོ་བ་ཕུན་སུམ་ཚོགས་པར་བྱས། དེར་བརྟེན། བྱ་འགུལ་འདིར་དགེ་སློབ་རྣམས་ཀྱིས་ཁས་ལེན་བཟང་བོ་བྱེད་པ་མ་ཟད་དེའི་ཐད་ལ་བསམ་ཚུལ་དང་ལྟ་བ་གང་མང་བཏོན་ནས་རྒྱབ་སྐྱོར་མི་དམན་པ་བྱས།
འབྲེལ་ཡོད་འོས་སྦྱོར།