དོར་ཞི་སྙིང་རྗེ་ཚོགས་པས་དབུལ་ཕོངས་ས་ཆའི་བྱིས་པར་དྲོད་ཁོལ་སྦྱིན་པའི་བྱ་འགུལ་སྤེལ།
སློབ་གྲྭ་དངོས་ལ་ཐོན་པ།
ཉེ་སྔོན། དོར་ཞི་སྙིང་རྗེ་ཚོགས་པའི་དང་བླངས་པ་ཚོས་མདུན་ཅོག་དང་རྐུབ་སྟེགས། ལག་ཤུབས། ཞྭ་མོ་དང་རྐང་འབོབ་སོགས་རོགས་སྐྱོར་དངོས་རྫས་གྲ་སྒྲིག་བྱས་ཏེ་དང་བླངས་པ་ཡང་དཔུང་ཅོན་དང་ཐན་དཔས་གཉིས་ཀྱི་ལེགས་སྐྱེས་དང་མཉམ་དུ་འཇམ་དབྱངས་ཀྱི་སྣེ་ཁྲིད་འོག་མཚོ་སྔོན་རུ་ཁུལ་གྱི་དཀའ་ཁག་ཅན་གྱི་སློབ་གྲྭ6ལ་སྐྱེལ།
དངོས་ཟོག་ཐང་ལ་ལེན་བཞིན་པ།
ལོ་གསར་ཐོན་ལ་ཉེ་ཡང་དང་བླངས་པ་ཚོས་གསེར་ལས་དཀོན་པའི་དུས་ཚོད་བཀོལ་ནས་བྱིས་པ་རྣམས་ཀྱི་ཆེད་དུ་གང་ནུས་ཅི་ལྕོག་བགྱིས། དང་བླངས་པ་ཚོས་དངོས་ཟོག་རླངས་འཁོར་གང་བརྩིགས་ཏེ་མཚན་བརྒྱབ་ནས་དཔའ་ལུང་རྫོང་གསེར་གཞུང་ཞང་ཐུའུ་བ་ཚང་སློབ་ཆུང་དུ་བསྐྱོད་ཅིང་། སློབ་གྲྭའི་རྩལ་སྦྱང་ར་བར་གློག་འོད་སྒྲིག་ཆས་མེད་ཕྱིར་མུན་པའི་ཁྲོད་ཕྱི་ཉིན་སྟེར་དགོས་པའི་ལེགས་སྐྱེས་དག་གྲ་བསྒྲིགས་བྱས། དང་བླངས་པ་ཚོས་འདི་ལྟར་གྲང་རླུང་ལ་མ་འཛེམ་པར་རི་ལམ་དེད་ནས་སློབ་གྲྭ་རེ་རེའི་བྱིས་པ་ཚོར་དྲོད་ཁོལ་ལྡན་པའི་བརྩེ་སེམས་བསྐྱལ།
སློབ་མ་རྣམས་ཀྱིས་རྐུབ་སྟེགས་སོགས་འཁྱེར་བཞིན་པ།
སློབ་གྲྭར་དགུན་གནང་བཏང་ནས་ཟླ་གཅིག་ལྷག་འགོར་མོད། འོན་ཀྱང་དངོས་ཟོག་བསྐྱེལ་འདྲེན་བྱེད་པའི་རླངས་འཁོར་སློབ་གྲྭའི་ཉེ་འཁོར་དུ་སླེབས་ཐེངས་རེ་རེར་བྱིས་པ་ཚོ་དགའ་སྤྲོ་ཆེན་པོས་གཅིག་རྗེས་གཉིས་མཐུད་ཀྱིས་མདུན་བསུ་བར་རྒྱུགས་ལ། རླངས་འཁོར་བསྡད་རྗེས་སྦྱོང་བརྡར་ཐོབ་པའི་དམག་མི་བཞིན་འགྲིག་རྒྱུ་མེད་པའི་གྲལ་ཤར་རིང་པོ་ཞིག་བསྒྲིགས་པ་དང་། རུ་འདྲེན་པ་ནི་ཐུའུ་བ་ཚང་སློབ་ཆུང་གི་དགེ་རྒན་ཡིན། བྱིས་པ་ཚོས་དབོར་འདྲེན་བྱེད་སྐབས་མདུན་ཅོག་དང་རྐུབ་སྟེགས་གསར་བ་ཆག་སྐྱོན་འཆོར་བར་དོགས་ནས་མི་གཅིག་རེས་སེམས་ཆུང་གིས་རྐུབ་སྟེགས་འཁྱེར་བ་དང་། མི་གཉིས་རེ་ཡིས་སེམས་ཤུགས་གཅིག་སྒྲིལ་གྱིས་མདུན་ཅོག་རེ་སྐྱེལ་བ་ཡིན།
ཉེ་འཁོར་དུ་ཡོད་པའི་བྱིས་པ་རྣམས་ཀྱིས་ལེགས་སྐྱེས་དངོས་ཟོག་བྱུར་བུར་གཏམས་པའི་རླངས་འཁོར་མཐོང་མ་
ཐག་གཅིག་རྗེས་གཉིས་མཐུད་ཀྱིས་གྲལ་བསྒྲིགས་ཏེ་རོགས་སྐྱོར་ལེགས་སྐྱེས་ལེན་པར་སྒུག
ཁོ་ཚོའི་བདེ་སྐྱིད་ཀྱི་འཛུམ་མདངས་ཁྲོད་འཕྱོ་བ་བདེ་སྐྱིད་ལས་ད་དུང་དྲིན་གཟོ་རེད། ཁོ་ཚོས་གྲོང་ཁྱེར་གྱི་བྱིས་པ་བཞིན་ལོ་སར་ལའང་སྤུས་དག་གི་དངུལ་ཐུམ་དམར་པོ་རེག་མི་ཐུབ་པ་དང་རྩེད་ཆས་སྣ་ཚོགས་དང་སྤུས་ལེགས་ཕྱི་ཐུམ་ཅན་གྱི་ཞོར་ཟས་མེད་མོད། འོན་ཀྱང་ཁྱད་པར་ཅན་གྱི་ལོ་གསར་ལེགས་སྐྱེས་འདི་དག་བྱིས་པ་ཚོར་མཚོན་ནས་བཤད་ན་གྲོང་ཁྱེར་གྱི་བྱིས་པར་ཐོབ་པའི་ལོ་གསར་ལེགས་སྐྱེས་ཀྱི་དམན་ཞིག་མིན་པ་ཁོ་ཚོའི་ངོ་གདོང་གི་འཛུམ་མདངས་ཀྱིས་གསལ་བཤད་བྱེད་ཐུབ། ཤེས་བྱར་རེ་སྙེག་བྱེད་པའི་བྱིས་པ་འདི་དག་གིས་སེམས་གཏིང་ནས་ཐོན་པའི་ཆེས་ཟོལ་མེད་ཀྱི་བཀའ་དྲིན་ཞུ་ཚིག་མཛེས་སྡུག་གི་འཛུམ་མདངས་རེ་རེར་གྱུར་ཡོད།
སློབ་གྲྭ་གཞན་ཞིག་གི་སློབ་མ་དག་ལ་གྱོན་ཆས་སོགས་སྟེར་བ།
ལོ་གསར་ནི་བཀྲ་ཤིས་པའི་དུས་ཆེན་ཙམ་མིན་ལ། དེ་ནི་ཡང་བསྐྱར་དཔྱིད་ཀ་གསར་བ་ཞིག་གི་འགོ་ཚུགས་པ་ཡིན། དཔྱིད་ཀྱི་སྐྱེས་སྟོབས་མཐོ་སྒང་གི་རུ་ཁུལ་ཆུང་བ་ནས་ཐོལ་གྱིས་བྱུང་ཞིང་། དཔྱིད་དུས་ཀྱི་བྱིས་པ་རྣམས་ཀྱང་སྐྱེས་སྟོབས་ཆེན་པོས་འཚར་ལོངས་བྱུང་བཞིན་ཡོད་ལ། ཁོ་ཚོས་ཤེས་རིག་ལ་དགའ་ཞེན་དང་རེ་འདུན་གྱིས་ཚོན་མདངས་རྣམ་པར་བཀྲ་བའི་སང་ཉིན་འཚོལ་བ་དང་། ལོ་གསར་གྱི་ལེགས་སྐྱེས་ཁྱད་པར་ཅན་འདིས་རྫོགས་མཐའ་མེད་པའི་སྟོབས་ཤུགས་བསྩལ་ནས་རང་ཉིད་ལ་དབང་བའི་གྲུབ་འབྲས་ལེན་པར་སྐུལ་ལྕགས་གཏོང་བཞིན་ཡོད། བགྲོད་ལམ་འདི་བརྩེ་བས་ཁེངས་ཤིང་བརྩེ་བ་དང་ལྷན་དུ་བཞུད།
སློབ་མ་དང་དང་བླངས་པ་རྣམས་ལྷན་དུ་པར་བླངས་པ།
བྱིས་པར་ཐུགས་ཁུར་གནང་ཞིང་སྙིང་རྗེ་ལྡན་པའི་མི་སྣ་དང་དང་བླངས་པར་བཀའ་དྲིན་ཞུ།
བཀའ་དྲིན་ཞུ་ཡུལ་ལས་ཁུངས།
པེ་ཅིན་དཔལ་འབྱོར་སྡེ་ཁག་དོ་དམ་ལས་རིགས་སློབ་གླིང་།
ཆོན་ཀྲིག་དགེ་འོས་སློབ་གླིང་ཆབ་སྲིད་དང་སྤྱི་ཚོགས་འཕེལ་རྒྱས་སློབ་གླིང་གཞོན་ནུ་མཐུན་ཚོགས
ཧུའུ་པེ་ཁུ་ཧྲང་ཤིང་ལས་ཚད་ཡོད་བཟོ་གྲྭ
པེ་ཅིན་ཅིག་ལུང་ཚན་རྩལ་དར་རྒྱས་ཚད་ཡོད་བཟོ་གྲྭ