བོད་ལྗོངས་སོག་རྫོང་སློབ་འབྲིང་གིས་བོད་ཀྱི་གསོ་རིག་འཛིན་གྲྭ་བསྡུས་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-03-27
ཀློག་གྲངས།:

སློབ་མ་རྣམས་ཀྱིས་སློབ་སྦྱོང་བྱེད་བཞིན་པ།
སློབ་མ་རྣམས་ཀྱིས་སློབ་སྦྱོང་བྱེད་བཞིན་པ།
2012ལོ་ནས་བཟུང་བོད་ལྗོངས་སོག་རྫོང་སློབ་འབྲིང་གིས་བོད་ཀྱི་གསོ་རིག་འཛིན་གྲྭ་བསྡུ་འགོ་བརྩམས་ཤིང་། སློབ་ཡུན་ནི་ལོ་གསུམ་ཡིན་པ་དང་། སློབ་མཐར་ཕྱིན་རྗེས་འབྲིང་རིམ་ཆེད་ལས་ཀྱི་འཛིན་ཡིག་ཡོད་ལ། སྐོར་ཁག་དང་པོར་སློབ་མ55བསྡུས་པ་རེད།
སོག་རྫོང་སློབ་འབྲིང་གི་སློབ་གཙོ་སྤེན་པ་རྡོ་རྗེ་ལགས་ཀྱིས་བཤད་པ་ལྟར་ན་སློབ་གྲྭས་སློབ་མའི་སློབ་ཡོན་དང་། སློབ་སྦྱོང་དང་འབྲེལ་བའི་འགྲོ་སོང་ཕྲན་ཚེགས་བཅས་མི་ལེན་པར་བྱས། སློབ་མཐར་ཕྱིན་རྗེས་གཙོ་བོ་སྡེ་བའི་སྨན་པའི་བྱ་བ་གཉེར་དགོས་པ་རེད།
འབྲེལ་ཡོད་འོས་སྦྱོར།
