བོད་ལྗོངས་སློབ་ཆེན་དང་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱི་རབ་འབྱམས་པ་གསོ་སྐྱོང་ལས་གཞི།

བོད་ལྗོངས་སློབ་ཆེན་དང་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱི་རབ་འབྱམས་པ་གསོ་སྐྱོང་ལས་གཞི།
ཉེ་ལམ། བོད་ལྗོངས་སློབ་ཆེན་དང་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱི2012-2013ལོའི་ཞིབ་འཇུག་སློབ་མ་མཉམ་འབྲེལ་གསོ་སྐྱོང་ལས་གཞིའི་འགོ་རྩོམ་མཛད་སྒོ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་ཆེན་དུ་སྤེལ་ཞིང་། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་ཆེན་ཞིབ་འཇུག་སློབ་མའི་གླིང་གི་འབྲེལ་ཡོད་འགན་ཁུར་བ་དང་བོད་ལྗོངས་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སློབ་གླིང་སྲིད་འཛིན་དོ་དམ་ཆེད་ལས་ཀྱི2011ལོའི་རབ་འབྱམས་པའི་སློབ་མ21ཐེངས་འདིའི་མཛད་སྒོར་ཞུགས་པ་དང་། མཛད་སྒོའི་སྟེང་སློབ་གླིང་གི་གསོ་སྦྱོང་དང་སློབ་ཁྲིད་བཀོད་སྒྲིག དགེ་རྒན་གྱི་ཐོན་ཁུངས་སོགས་ཕྱོགས་སོ་སོ་ནས་ཞིབ་ཕྲའི་མཚམས་སྦྱོར་གནང་།

ལྷན་དུ་པར་བླངས་པ།
རྒྱུས་ལོན་པ་ལྟར་ན། ལས་གཞི་འདི་བསྟུད་མར་ལོ2ལ་སྤེལ་ཞིང་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱིས་བོད་ལྗོངས་སློབ་ཆེན་གྱི་རབ་འབྱམས་པའི་འཛིན་གྲྭར་དུས་ཡུན་ཟླ3ནས་ཟླ6བར་མཉམ་འབྲེལ་གསོ་སྦྱོང་བྱེད་པ་གཙོར་བཟུང་ནས་སྤུས་ཚད་མཐོ་བའི་ཤེས་ཡོན་མི་སྣ་གསོ་སྐྱོང་བྱེད་པར་སྟེགས་བུ་ལེགས་པོ་བསྐྲུན་པ་རེད།
