logo

བོད་ལྗོངས་སློབ་ཆེན་གྱི་ལས་གཞི40ལ་རྒྱལ་ཁབ་ཀྱི་རོགས་སྐྱོར་ཐོབ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-14 ཀློག་གྲངས།:
  ཉེ་ལམ་བོད་ལྗོངས་སློབ་ཆེན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སློབ་གསོ་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི2012ལོའི་རྒྱལ་ཁབ་རིམ་པའི་སློབ་ཆེན་པའི་གསར་གཏོད་དང་ལས་བསྐྲུན་གྱི་སྦྱོང་བརྡར་འཆར་གཞིའི་ལས་གཞིའི་མིང་ཐོ་སྐོར་ཐེངས་གཉིས་པའི་ཁྲོད། བོད་ལྗོངས་སློབ་ཆེན་གྱི་རེ་ཞུ་བྱས་པའི《ཐང་ག་དང་རང་རྒྱལ་གྱི་སྲོལ་རྒྱུན་རི་མོའི་ཐུན་མོང་རང་བཞིན་གོང་སྤེལ་གྱི་ཞིབ་འཇུག》སོགས་རྒྱལ་ཁབ་རིམ་པའི་སློབ་ཆེན་པའི་གསར་གཏོད་དང་ལས་བསྐྲུན་སྦྱོང་བརྡར་འཆར་གཞིའི་ལས་གཞི40ལ་ཆོག་མཆན་ཐོབ་ནས་རོགས་སྐྱོར་གནང་རྒྱུ་རེད།
  2012ལོར་བོད་ལྗོངས་སློབ་ཆེན་གྱིས་སློབ་ཆེན་པའི་གསར་གཏོད་དང་ལས་བསྐྲུན་གྱི་སྦྱོང་བརྡར་འཆར་གཞིའི་ལས་གཞིའི་དོ་དམ་བྱེད་ཐབས་གཞིར་བྱས་ནས། རྒྱལ་ཁབ་རིམ་པའི་སློབ་ཆེན་པའི་གསར་གཏོད་དང་ལས་བསྐྲུན་སྦྱོང་བརྡར་འཆར་གཞིའི་ལས་གཞི40འོས་སྦྱོར་བྱས་པར་སློབ་གསོ་པུའི་ཆོག་མཆན་ཐོབ། མིག་སྔའི་བར་དུ་བོད་ལྗོངས་སློབ་ཆེན་ལ་རྒྱལ་ཁབ་རིམ་པའི་སློབ་ཆེན་པའི་གསར་གཏོད་དང་ལས་བསྐྲུན་འཆར་གཞི་སྐོར་གྱི་ལས་གཞི130ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་སློབ་ཆེན་པའི་གསར་གཏོད་རང་བཞིན་གྱི་ཚོད་ལྟའི་སྦྱོང་བརྡར་འཆར་གཞི་སྐོར་གྱི་ལས་གཞི160ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།