logo

དགེ་རྒན་རྡོ་ལ་སོགས་དུས་རབས་གསར་བའི་ཕུལ་བྱུང་ཤེས་ཡོན་པ་རྒྱབ་སྐྱོར་འཆར་འགོད་དུ་ཚུད།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-06 ཀློག་གྲངས།:

        ཉེ་ལམ།  རྒྱུས་ལོན་བྱུང་བ་ལྟར་ན།  སློབ་གསོ་པུའི2012ལོའི་དུས་རབས་གསར་བའི་ཕུལ་བྱུང་ཤེས་ཡོན་པ་རྒྱབ་སྐྱོར་འཆར་འགོད་དུ་ཚུད་པའི་མིང་ཐོ་བསྒྲགས་ཤིང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་ལ་དང་། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྨོན་ལམ་བརྩོན་འགྲུས། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་འབྲུག་ལྷ་བཅས་སློབ་གསོ་པུའི2012ལོའི་དུས་རབས་གསར་བའི་ཕུལ་བྱུང་ཤེས་ཡོན་པ་རྒྱབ་སྐྱོར་འཆར་འགོད་ཅེས་པར་ཚུད།

        སློབ་གསོ་པུའི་དུས་རབས་གསར་བའི་ཕུལ་བྱུང་ཤེས་ཡོན་པ་རྒྱབ་སྐྱོར་འཆར་འགོད་ཅེས་པ་དེ“མཐོ་རིམ་གསར་གཏོད་རང་བཞིན་གྱི་ཤེས་ཡོན་པའི་འཆར་འགོད”ཀྱི་རིམ་པ་གཉིས་པར་གཏོགས་ལ། གཙོ་ཆེར་རིག་གཞུང་གི་རྨང་གཞི་བརྟན་ཞིང་གསར་གཏོད་ཀྱི་ནུས་པ་དང་དེ་འཕེལ་རྒྱས་ཀྱི་ནུས་པ་ལྡན་པའི་ཕུལ་བྱུང་རིག་གཞུང་སྣེ་ཁྲིད་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱེད་པ་དང་། ཁོ་ཚོས་གསར་གཏོད་རང་བཞིན་གྱི་བྱ་ལས་སྤེལ་བར་རྒྱབ་སྐྱོར་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་གལ་ཆེ་བའི་ཚན་ཞིབ་ལས་འགན་ཕྲག་ཏུ་ཁུར་རྒྱུ་བཅས་ཡིན། འཆར་འགོད་འདིར་ལོ་རེར་ཕུལ་བྱུང་ན་གཞོན་རིག་གཞུང་སྣེ་ཁྲིད་པ1000ཡས་མས་འདེམ་ནས་རྒྱབ་སྐྱོར་བྱེད་པ་ཡིན།


འབྲེལ་ཡོད་འོས་སྦྱོར།