logo

བོད་ལྗོངས་ཀྱི་སྐོར་ཐེངས་བཞི་བའི་རང་སྐྱོང་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-02-26 ཀློག་གྲངས།:
  ཉེ་ཆར་བོད་ལྗོངས་ཀྱི་སྐོར་ཐེངས་བཞི་བའི་རང་སྐྱོང་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། དེས་བོད་རང་སྐྱོང་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོའི་མ་ལག་མུ་མཐུད་དུ་འཐུས་ཚང་དང་ཇེ་ལེགས་སུ་སོང་བ་མངོན་པར་མཚོན་ཐུབ།
  མཚམས་སྦྱོར་བྱས་པ་ལྟར་ན་སྐོར་ཐེངས་བཞི་བའི་བོད་རང་སྐྱོང་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོ་རིགས9རུ་འདུས་པ་སྟེ། དམངས་ཁྲོད་རྩོམ་རིག་གི་རིགས་ལ་ཁག9དང་། སྲོལ་རྒྱུན་རོལ་དབྱངས་ཀྱི་རིགས་ལ་ཁག8། སྲོལ་རྒྱུན་ཞབས་བྲོའི་རིགས་ལ་ཁག29། སྲོལ་རྒྱུན་ཟློས་གར་གྱི་རིགས་ལ་ཁག1། གཞས་མ་གཏམ་གྱི་རིགས་ལ་ཁག1། སྲོལ་རྒྱུན་མཛེས་རིས་ཀྱི་རིགས་ལ་ཁག7། སྲོལ་རྒྱུན་ནུས་རྩལ་གྱི་རིགས་ལ་ཁག30། སྲོལ་རྒྱུན་གསོ་རིག་གི་རིགས་ལ་ཁག6། དམངས་སྲོལ་གྱི་རིགས་ལ་ཁག10བཅས་ཡོད་ཅིང་། མིག་སྔའི་བར་དུ་བོད་ལྗོངས་སུ་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མིང་ཐོ་རུ་བདམས་པའི་རྣམ་གྲངས་བསྡོམས་པས་ཁག323ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།