མཚོ་ལྷོ་ཁུལ་གྱི་སློབ་གསོའི་ལས་དོན་གོང་དུ་སྤེལ་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-02-06
ཀློག་གྲངས།:
2012ལོར་མཚོ་ལྷོ་ཁུལ་གྱིས་སློབ་གསོའི་ལས་གཞི་གཙོ་བོ23བརྩོན་ལེན་བྱས་ནས་སྤྱིའི་མ་དངུལ་སྒོར་ཁྲི9672བཏང་བ་རེད། དེའི་ཁྲོད་སྡེ་བའི་དམའ་འབྲིང་གི་སློབ་ཁང་ལེགས་སྒྱུར་གྱི་ལས་གཞི3དང་མ་དངུལ་སྒོར་ཁྲི3617བཏང་བ་དང་། དགེ་རྒན་གྱི་སྐོར་སྤྱོད་སྡོད་ཁང་གི་ལས་གཞི4དང་མ་དངུལ་སྒོར་ཁྲི608བཏང་། སྡེ་བའི་སློབ་སྔོན་སློབ་གསོའི་ལས་གཞི7དང་མ་དངུལ་སྒོར་ཁྲི1711བཏང་། སློབ་གྲྭའི་བདེ་འཇགས་ལས་གྲྭ9དང་མ་དངུལ་སྒོར་ཁྲི3736བཏང་། མ་དངུལ་སྒོར་ཁྲི900བཏང་ནས་ཁུལ་ཡོངས་ཀྱི་སྡེ་བ་རིམ་པའི་བྱིས་སྐྱོང་ཁང62ལ་དགོས་ངེས་ཀྱི་སློབ་ཁྲིད་ཡོ་ཆས་དང་རྩེད་ཆས་སྒྲིག་གཞི་ཆ་ཚང་བསྒྲིགས་པར་མ་ཟད། དྲོད་འདོན་སྒྲིག་གཞི་འཛུགས་སྐྲུན་བྱས་ནས་རོང་འབྲོག་ཁུལ་གྱི་བྱིས་སྐྱོང་ཁང་གི་དོན་དངོས་ཀྱི་དཀའ་ཁག་དང་གནད་དོན་ཁྱད་དུ་བསད་པ་རེད།
ཡུལ་གཞན་དུ་སློབ་གསོ་སྒྲུབ་པའི་ཤུགས་ཚད་མུ་མཐུད་དུ་ཆེ་རུ་བསྐྱེད་ནས་ཅང་སུའུ་ནན་ཅིན་གྱི་སློབ་འབྲིང་གཙོ་བོར་མཚོ་ལྷོ་མི་རིགས་མཐོ་འབྲིང་འཛིན་གྲྭ་བདེ་བླག་ངང་བཙུགས་ནས། མིག་སྔར་དམའ་འབྲིང་གི་མཐར་ཕྱིན་སློབ་མ159གིས་མཐོ་འབྲིང་རིམ་པའི་སློབ་གསོ་མྱོང་གིན་འདུག ལས་རིགས་སློབ་གསོ་ཕྱི་རུ་བསྐྱོད་པའི་འཐབ་ཇུས་ཤུགས་ཆེན་པོས་སྤེལ་ནས་དམའ་འབྲིང་དང་མཐོ་འབྲིང་གི་སློབ་མ554རྩ་འཛུགས་བྱས་ཏེ་ཅང་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་ལས་རིགས་སློབ་གྲྭ་རུ་སློབ་སྦྱོང་བྱེད་བཞིན་མཆིས། སྡེ་བའི་འགན་བབ་སློབ་གསོའི་གྲོན་དངུལ་འགན་སྲུང་མ་ལག་ཁྱོན་ཡོངས་ནས་དངོས་འབེབས་བྱས་པས། སློབ་སྔོན་སློབ་གསོ་དང་། འགན་བབ་སློབ་གསོ། ལས་རིགས་སློབ་གསོའི་གཞུང་སྤྱོད་གྲོན་དངུལ། འཚོ་བའི་ཁན་སྣོན། གནས་སྤོས་ནས་འཛིན་གྲྭ་འཛུགས་པའི་བྱ་དགའ་དང་ཁན་སྣོན་མ་དངུལ་སོགས་བསྡོམས་པས་སྒོར་ཁྲི8762དངོས་འབེབས་བྱས་ཤིང་། མཐོ་འབྲིང་དཀྱུས་མའི་སློབ་མ་དཀའ་ངལ་ཅན་ལ་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི297.6གནང་བར་བརྒྱུད། རོགས་སྐྱོར་སློབ་མ30%ལ་བསླེབས། སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞིའི་ཁན་སྣོན་མ་དངུལ་སྒོར་ཁྲི1988.9དངོས་འབེབས་བྱས་པས། ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་སློབ་མ33148ཀྱིས་ཁེ་ཕན་རེག་ཐུབ་པ་རེད།

འབྲེལ་ཡོད་འོས་སྦྱོར།