ཨ་རིག་དགོན་ཆེན་གྱིས་གཏམ་རྒྱུད་བསྡུ་བའི་གསལ་བརྡ།
རྒྱ་ཆེ་བའི་རྩོམ་པ་པོ་རྣམ་པ་ལགས། ཉེ་ལམ་མདོ་སྨད་ཨ་རིག་དགོན་ཆེན་གྱིས་ཨ་རིག་གླེན་པའི་གཏམ་རྒྱུད་ཅེས་པའི་དེབ་ཆུང་ཞིག་པར་སྐྲུན་བྱ་རྩིས་ཡོད་ལ། ད་སྔ་རྩོམ་སྒྲིག་པས་བསྡུ་བསྒྲིགས་བྱས་པའི་གཏམ་རྒྱུད20ལྷག་ཡོད་པ་སྟེ། ༡རྒྱལ་བ་སྐུ་ཕྲེང་སྔོན་མ་ཞིག་ལ་ཡི་གེ་བསྐུར་བ། ༢བྱམས་ཆེན་ལ་ལྷམ་བསྐོན་པ།༣ཤི་བོའི་མིང་ཡང་ཆུས་ཁུར་སོང་། ༤ལྷ་ཁང་གི་ཐོག་སོར་མཇལ་བ། ༥བྲག་ངོས་ཀྱི་ཞོ་འཐུང་བ། ༦གཡག་རྐུན། ༧ལྷ་ལྟོ་རྐྱལ་ཞིག་རེད། ༨ངོ་མ་འཆི་སྲོལ་ངན་གི ༩རྟ་ནག་པོའི་ཁོག་ཏུ་ཅི་ཡང་མི་འདུག ༡༠ཞོ་འཐུང་ནས་ཤི་བ། ༡༡ཁྱེད་ཀྱང་རྐུན་མའི་ཁྲོད་དུ་ཡོད་དམ། ༡༢ཡུམ་གསེར་བྲིས་མས་མཁྱེན། ༡༣འུར་ཆ་ལས་ཇོ་བོར་གསེར་བསྐུར་བ། ༡༤ཨ་རིག་རྒན་པོའི་བློ་ཐབས། ༡༥ཕ་རྒན་གྱི་མགོ་བོ། ༡༦ལག་རྟེན་གྱིས་ལྷ་སྐུར་གཞུས་པ། ༡༧སྤྱན་རས་གཟིགས་ཀྱི་ཞལ་མཐོང་བ། ༡༨རང་ཉིད་འཁྱག་རེངས་སུ་བཏང་བ། ༡༩གྲོག་མའི་སྒོ་ང་ཟ་མི་ཉན་པ་ལོས་ཤེས། ༢༠དཀྱིལ་འཁོར་སྟེང་དུ་བཙོག་མི་ཉན་པ་ལོས་ཤེས་སོགས་མ་གཏོགས་མེད་པས། རྩོམ་པ་པོ་དག་གིས་འདི་གའི་རྩོམ་སྒྲིག་པས་ལག་སོན་མ་བྱུང་བའི་གཏམ་རྒྱུད་རེ་ཡོད་ན་མཁོ་སྤྲོད་བྱ་རྒྱུ་དང་། ད་དུང་ཨ་རིག་གི་ལོ་རྒྱུས་མདོར་བསྡུས་ཤིག་ཀྱང་སྒྲིག་བཞིན་ཡོད་པས་གཙང་ཨ་རིག་དང་རྫ་ཨ་རིག་གཉིས་ཀྱི་ལོ་རྒྱུས་མདོར་བསྡུས་རེ་ཤེས་མཁན་དང་ཡུལ་ཕྱོགས་དེ་གཉིས་ཀྱི་མི་དག་གིས་མཐོང་ན་འབྲེལ་གཏུག་བྱེད་པར་སྙིང་ནས་སྨོན།
འབྲེལ་གཏུགས་མི་སྣ། ཨ་རིག་སྐལ་བཟང་གཞོན་ནུ། དམ་ཆོས་ཡར་འཕེལ།
གླེང་མོལ། 363226061 ཡང་ན 843984150
ཡིག་ཟམ། E-mail.ldzx18@126.com/
ཁ་པར། 13309706889ཡང་ན18009706626།