logo

《བོད་རྒྱུད་ནང་བསྟན་ཚིག་མཛོད་ཆེན་མོ》སྒྲིག་པའི་དཔྱོད་གླེང་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-12 ཀློག་གྲངས།:

         གསར་འགོད་པས་ནུབ་བྱང་མི་རིགས་སློབ་ཆེན་ཕྱི་རྒྱལ་མི་རིགས་ཡིག་ཚགས་ཞིབ་འཇུག་ཁང་ལས་རྒྱུས་ལོན་བྱུང་བ་ལྟར་ན།  མིག་སྔར། 2012ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གལ་ཆེའི་ལས་གཞི་སྟེ《བོད་རྒྱུད་ནང་བསྟན་ཚིག་མཛོད་ཆེན་མོ》སྒྲིག་པའི་དཔྱོད་གླེང་ཚོགས་འདུ་བསྡུས་ཏེ་ལས་གཞི་འདིའི་སྒྲིག་རྩོམ་བྱ་བ་གཞི་ནས་འགོ་བརྩམས་ཤིང་། ཆེད་མཁས་པས་དཔྱད་འཇོག་གནང་བ་ལྟར་ན། 《བོད་རྒྱུད་ནང་བསྟན་ཚིག་མཛོད་ཆེན་མོ》ནི་ཀྲུང་གོའི་རིག་གཞུང་ཁྱབ་ཁོངས་སུ་སྤེལ་བའི་བོད་རྒྱུད་ནང་བསྟན་གྱི་དཔེ་ཆས་ཆེན་མོ་ཐོག་མ་ཡིན་པ་རེད།
         ལས་གཞི་འདིའི་གཙོ་ཞུགས་ཆེད་མཁས་པ་སྟེ་ནུབ་བྱང་མི་རིགས་སློབ་ཆེན་ཕྱི་རྒྱལ་མི་རིགས་རིག་གནས་ཡིག་ཚགས་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་སྐལ་བཟང་ཐོགས་མེད་ཀྱིས་བཤད་རྒྱུར། 《བོད་རྒྱུད་ནང་བསྟན་ཚིག་མཛོད་ཆེན་མོ》ནི《བཀའ་འགྱུར》དང《བསྟན་འགྱུར》། དེ་མིན་བོད་རྒྱུད་ནང་བསྟན་གྱི་བླ་ཆེན་དང་། ལོ་ཙཱ་བ་ཆེན་མོ། གྲུབ་ཐོབ་པ་དག་གི་གསུང་འབུམ་གཞིར་བྱས་ཏེ་བོད་རྒྱུད་ནང་བསྟན་དང་འབྲེལ་བའི་ཐ་སྙད་ལེགས་འདེམ་དང་ཆབས་ཅིག་དེར་འགྲེལ་བཤད་གནང་བ་རེད།
         ཚིག་མཛོད་ཆེན་མོ་འདིར་བསྡོམས་པས་བོད་རྒྱུད་ནང་བསྟན་གྱི་མདོ་དང་སྔགས། བོད་རྒྱུད་ནང་བསྟན་གྱི་ལོ་རྒྱུས་མི་སྣ། བོད་རྒྱུད་ནང་བསྟན་གྱི་གནས་འགངས་ཆེན་བཅས་བརྗོད་གཞི་བཞི་འདུས་ཤིང་། ནང་དོན་ཁྱབ་ཆེ་སྟེ་བོད་རྒྱུད་ནང་བསྟན་གྱི་ཆེད་སྤྱོད་ཐ་སྙད་དང་། བརྡ་ཆད།  བཤད་རྒྱུན། གསུང་དཔེ་གལ་ཆེན། མིང་གྲགས་གྲྭ་བཙུན། གནས་འགངས་ཆེན་སོགས་འདུས་ཀྱི་ཡོད།
         ལན་གྲུ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབྲུག་ཐར་གྱིས། ཚིག་མཛོད་འདི་སྒྲིག་རྩོམ་བྱ་བའི་གོ་རིམ་ཁྲོད་ཐ་སྙད་འགྲེལ་བཤད་གོ་བདེ་བར་བྱ་བ་དང་། བོད་ཡིག་གསལ་བཤད་ཀྱི་གོ་རིམ་ལྟར་སྒྲིག་འོས་པར་འདོད། དེར་མ་ཟད་ཆེད་མཁས་པ་གཞན་དག་གིས་ཀྱང་ཚིག་མཛོད་སྒྲིག་ལུགས་དང་། ཐ་སྙད་གསོག་པའི་ཁྱབ་ཁོངས། འགྲེལ་ལུགས་སོགས་ཀྱི་ཐད་ནས་སོ་སོའི་ལྟ་ཚུལ་དང་འདོད་བློ་བརྗོད།
         ཚོགས་ཞུགས་ཆེད་མཁས་པ་རྣམ་པས་གཅིག་མཐུན་གྱིས། ད་ལྟའི་བར་ཐ་སྙད་གསོག་འཇོག་ཕུན་སུམ་ཚོགས་ཤིང་ནད་དོན་ཚགས་དམ་པའི་བོད་རྒྱུད་ནང་བསྟན་གྱི་ཚིག་མཛོད་ཆེན་མོ་ཞིག་མེད་ཅིང་། ལས་གཞི་འདིའི་གྲུབ་འབྲས་ལས་རིག་གཞུང་སྟོང་ཆ་ཆེན་མོ་འདི་སྐོང་བར་རེ་ལྟོས་ཆེན་པོ་ཡོད་པར་འདོད།


འབྲེལ་ཡོད་འོས་སྦྱོར།