གངས་ཕྲུག་གསར་གཏོད་པ་ཆུང་ཆུང་ཅེས་པའི་བརྩམས་ཆོས་བསྡུ་བ།
གངས་ཕྲུག་གསར་གཏོད་པ་ཆུང་ཆུང་།
གངས་ཕྲུག་གསར་གཏོད་པ་ཆུང་ཆུང་ཅེས་པའི་བྱ་དགའ་ནི་དགེ་རྒན་ཞིག་གིས་སློབ་གྲོགས་རྣམས་ལ་ཆེད་དུ་བཙུགས་པའི་གསར་གཏོད་བྱ་འགུལ་གྱི་བྱ་དགའི་རྣམ་གྲངས་ཤིག་ཡིན་ལ། དེ་ཡང་ཆུང་འབྲིང་སློབ་མའི་བསམ་བློ་དང་ལག་ལེན་གྱི་ནུས་ཤུགས་མཐོར་འདེགས་དང་། ཁོ་ཚོའི་སྤྲོ་སེམས་བསྐྱེད་དེ་གསར་གཏོད་ཀྱི་འདུ་ཤེས་ཡོངས་སུ་སྐུལ་བ་དང་ཆབས་ཅིག སློབ་གསོ་བྱ་སྒྲུབ་པའི་སྲོལ་རྒྱུན་སློབ་གསོའི་འདུ་ཤེས་ལས་བརྒལ་ཏེ་སློབ་མའི་གསར་གཏོད་ཀྱི་བློ་སྤོབས་དང་ལག་ལེན་ནུས་ཤུགས་སྐྱེད་སྲིང་བྱེད་པའི་སྤུས་ཚད་སློབ་གསོའི་ལམ་དུ་སྙེག་པར་སྐུལ་བ་རེད།
བརྩམས་ཆོས་བསྡུ་བའི་ཁྱབ་ཁོངས་དང་དུས་ཚོད།
ཀ ཞིང་ཆེན་ལྔའི་བོད་ཁུལ་གྱི་ཆུང་འབྲིང་སློབ་མ་དང་བྱིས་སྐྱོང་ཁང་གི་སློབ་མ།
ཁ། སློབ་གྲྭ་སོ་སོ་སྡེ་ཚན་དུ་བྱས་ཏེ་གཅིག་མཐུན་གྱིས་ཡར་སྤྲོད་བྱེད་དགོས་པ་དང་། ཡར་སྤྲོད་ཡིག་ཆ་རུ་གློག་རྡུལ་ཡིག་ཆ་དང་ཤོག་ངོས་ཡིག་ཆ་ཆ་ཚང་འདུས་དགོས།
ག བརྩམས་ཆོས་བསྡུ་བའི་དུས་ཚོད་ནི་ལོ་རེའི་ཟླ12པའི་ཚེས1བར་མཇུག་སྒྲིལ་བ་ཡིན།
འགྲན་ཞུགས་ཀྱི་ལུགས་སྲོལ།
གསར་གཏོད་པ་ཆུང་ཆུང་གི་བརྩམས་ཆོས་ནི་ན་ཆུང་གཞོན་ནུས་རང་ཉིད་ཀྱིས་བསླབ་པའི་ཚན་རིག་ཤེས་བྱ་སྤྱད་དེ་དུས་རྒྱུན་གྱི་སློབ་སྦྱོང་དང་། འཚོ་བ། ངལ་རྩོལ་བཅས་སུ་མིག་སྔར་ད་དུང་མཐོང་རྒྱུ་མེད་པའི་དངོས་རྫས་གསར་བ་དང་བྱ་ཐབས་གསར་བ་དག་ཇུས་འགོད་དང་བཟོ་སྐྲུན་བྱེད་པ་ཡིན། “གསར་གཏོད་ཆེན་པོ”དང་བསྡུར་ན་འདི་ནི་ཅུང་ཁྱབ་ཆུང་བ་དང་། ཐག་གཅོད་བྱེད་དགོས་པའི་གནད་དོན་ཉོག་འཛིང་དུ་མི་ངེས་པ། བེད་སྤྱོད་ཀྱི་རྒྱུ་ཆ་འཚོལ་སླ་བ། དུས་ཚོད་ཀྱང་མང་པོ་བཀོལ་དགོས་ཀྱི་མི་འདུག་པར་བརྟེན“གསར་གཏོད་ཆུང་ཆུང”ཅེས་སུ་བརྗོད།
ཀ ལོ5-14བར་གྱི་ན་ཆུང་བྱིས་པས་རང་རྐྱ་འཕར་བའི་སྒོ་ནས་གསར་གཏོད་ཀྱི་བརྩམས་ཆོས་ལེགས་འགྲུབ་བྱེད་དགོས།
ཁ། འགྲན་ཞུགས་བརྩམས་ཆོས་ཀྱི་སྒྱུ་རྩལ་རྣམ་པའི་ཁྲོད། ཚན་རྩལ་བཟོ་སྐྲུན་ཆུང་ངུ་དང་། འཚོ་བའི་བཟོ་སྐྲུན་ཆུང་ངུ་། རིག་གནས་ཐད་ཀྱི་བཟོ་སྐྲུན་ཆུང་ངུ(དཔེར་ན། འབྲེལ་ཡོད་ཁོར་ཡུག་སྲུང་སྐྱོབ་དང་ནུས་ཁོངས་སོགས་འདུས་ཆོག)། སློབ་སྦྱོང་ཐད་ཀྱི་བཟོ་སྐྲུན་ཆུང་ངུ(སློབ་སྦྱོང་གི་སྤྱོད་ཆས)བཅས་འདུས་པ་ལས། མཛེས་རྩལ་དང་ལག་བཟོའི་རིགས་གཏོགས་པ་མིན།
ག བརྩམས་ཆོས་རྣམས་སྤུས་དག་ཅིང་ཆ་ཚང་བ་ཞིག་ཡིན་དགོས།
འབྲེལ་གཏུག་བྱ་ཐབས།
ཡིག་ཟམ། 714769489@qq.com
QQཚོགས་པ། 70394723
འབྲེལ་གཏུག་ཁ་པར། 13541575711