རྨེའུ་རུ་མ་ལྟེ་གནས་སློབ་ཆུང་བོད་ཡིག་ཚན་ཆུང་གིས་ཤེས་བྱའི་འགྲན་གླེང་སྐབས་གཉིས་པ་སྤེལ།
སློབ་མ་རྣམས་ཀྱི་ཤེས་བྱའི་འགྲན་གླེང་སྣ་ཚོགས།
ཉེ་སྔོན། ལོ་ཆུང་བྱིས་པ་ཚོར་རང་ཉིད་ཀྱི་འཇོན་ནུས་སྐྱེད་སྲིང་གི་གོ་སྐབས་ཤིག་སྤྲད་པ་དང་། སྤོབས་པ་སྦྱོང་བརྡར་རམ་སྐད་ཆའི་རྩལ་ནུས་གཙུབ་པའི་སྟེགས་བུ་ཞིག་བསྐྲུན་ཆེད། རྨེའུ་རུ་མ་ལྟེ་གནས་སློབ་ཆུང་བོད་ཡིག་ཚན་ཆུང་གིས་ཤེས་བྱའི་འགྲན་གླེང་སྐབས་གཉིས་པའི་བྱ་འགུལ་སྤེལ།
སློབ་མའི་ཤེས་བྱའི་འགྲན་གླེང་།
དཔྱད་འདེམ་པ།
བྱ་འགུལ་འདིར་གྲ་སྒྲིག་འཛིན་གྲྭ་མ་བརྩིས་པའི་འཛིན་གྲྭ12ཡོད་པ་དེ་ལོ་རིམ་དང་པོ་ནས་གསུམ་པའི་བར་ཚན་སྐོར་གཅིག་དང་། ལོ་རིམ་བཞི་བ་ནས་དྲུག་པའི་བར་ཚན་སྐོར་གཅིག་བཅས་ཁག་གཉིས་སུ་བགོས་ཡོད། ཚན་སྐོར་རེ་རེར་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཅིག ཨང་གསུམ་པ་གཅིག་བཅས་ཁྱོན་འཛིན་གྲྭ6ལ་བྱ་དགའ་སྟེར་བ་རེད།
དྲིས་ལན་འདེབས་པར་འགྲན་རྩོད་བྱེད་པ།
ཤེས་བྱའི་འགྲན་གླེང་ཡུལ་དངོས་ཀྱི་ཟུར་ཞིག
དེ་མིན་འཛིན་གྲྭ་སོ་སོའི་སློབ་མ་མི་སྒེར་གྱིས་དམངས་ཁྲོད་དུ་རྒྱུན་འབྱམས་སུ་སོང་བའི་སྟོན་བཤད་སོགས་བསྡུས་ཏེ་ཉམས་ལྡན་གྱི་སྒོ་ནས་འགྲན་སྡུར་ལ་ཞུགས་ཤིང་། དེ་ལའང་རབ་འབྲིང་ཐ་གསུམ་གྱི་རིགས་གསུམ་དགར་ཡོད།