logo

མཚོ་ལྷོའི་ཁུལ་གཙོ་གཞོན་པ་ཚེ་རིང་ཐར་གྱིས་ཁུལ་མི་རིགས་མཐོ་རིམ་སློབ་གྲྭ་གཉིས་པར་རྟོག་ཞིབ་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-02 ཀློག་གྲངས།:


མཚོ་ལྷོ་ཁུལ་གྱི་ཁུལ་གཙོ་གཞོན་པ་ཚེ་རིང་ཐར་སོགས་འགོ་ཁྲིད་ཀྱིས་
སློབ་གྲྭའི་བྱ་བར་གཟིགས་ཞིབ་དང་ཁྲིད་སྟོན་གནང་བཞིན་པ།

         ཉེ་ལམ། མཚོ་ལྷོ་ཁུལ་གྱི་ཁུལ་གཙོ་གཞོན་པ་ཚེ་རིང་ཐར་སོགས་འགོ་ཁྲིད་རྣམས་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་གྲྭ་གཉིས་པར་རྟོག་ཞིབ་ཏུ་ཕེབས་ཤིང་། སློབ་གཙོ་རྒྱ་མཚོས་སློབ་ཁུལ་གསར་བའི་འཛུགས་སྐྲུན་དང་། སློབ་གསོའི་སློབ་ཁྲིད།  སློབ་རའི་བདེ་འཇགས་སྲུང་བའི་བྱ་བ་བཅས་ཀྱི་གནས་ཚུལ་སྙན་ཞུ་བྱས་ལ། སྙན་ཞུ་ལ་ཉན་རྗེས་འགོ་ཁྲིད་སོ་སོ་དང་སློབ་གྲྭ་འདིའི་དགེ་རྒན་རྒན་པའི་ཚབ་བྱེད་པ། ན་གཞོན་དགེ་རྒན་གྱི་ཚབ་བྱེད་པ། འཛིན་བདག་ཚབ་བྱེད་པ་སོགས་བགྲོ་གླེང་ཚོགས་འདུར་ཞུགས་ཤིང་། ཚོགས་ཐོག་ཏུ་མིག་སྔར་སློབ་གྲྭ་ལ་འཕྲད་པའི་དཀའ་ངལ་དང་ཐག་གཅོད་བྱེད་དགོས་པའི་གནད་དོན་ཐད་དང་། མིག་སྔའི་སློབ་མའི་གསོལ་ཁང་དང་། དགེ་རྒན་གྱི་འཁོར་སྤྱོད་ཁང་། ལུས་རྩལ་ར་བའི་འགྱིག་རྒྱུའི་རྩྭ་གསེང་། སློབ་གྲྭའི་བདེ་འཇགས་ལྟ་སྐུལ་མ་ལག   སློབ་ར་ལྗང་སྒྱུར། གཅིག་ལྕོགས་དྲོད་འདོན་སོགས་ཞོར་གཏོགས་སྒྲིག་ཆས་དང་། དཔེ་ཁང་སྒྱུ་རྩལ་ཕྱོགས་བསྡུས་ཐོག་ཁང་དང་། སློབ་གྲྭའི་སྨན་ཁང་། དགུན་དུས་ཀྱི་དྲོད་འདོན་སོགས་དམིགས་བསལ་དཀའ་ཁག་དང་གནད་དོན་སོགས་ལ་བགྲོ་གླེང་གནང་སྟེ་དུས་ཡུན་ཐུང་ངུའི་ནང་ཐག་གཅོད་བྱེད་དགོས་པ་གསལ་བོར་བཏོན།

མཚོ་ལྷོའི་ཁུལ་གཙོ་གཞོན་པ་ཚེ་རིང་ཐར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་གྲྭ་གཉིས་པར་རྟོག་ཞིབ་ཏུ་ཕེབས་པ།
སློབ་གྲྭའི་ཚོགས་འདུ་ཚོམས་ཁང་དུ་བགྲོ་གླེང་གི་
རྣམ་པས་སློབ་གྲྭའི་བྱ་བར་རྟོག་ཞིབ་བྱེད་པ།

         མཐར་ཁུལ་གཙོ་ཚེ་རིང་ཐར་གྱིས་སློབ་གྲྭའི་དགེ་རྒན་ཡོངས་ལ་སེམས་དང་ནུས་ཤུགས་ཡོད་ཚད་སློབ་གསོའི་སྤུས་ཚད་ཡར་འདེགས་ཐད་སྤྱོད་པ་དང་། རྒྱ་ཆེ་བའི་དགེ་རྒན་རྣམས་ཀྱི་རང་འགུལ་རང་བཞིན་ཇི་ལྟར་སྐུལ་སློང་དང་། སློབ་གྲྭའི་རྒྱུ་ནོར་དོ་དམ་ལ་ཤུགས་སྣོན། སློབ་གྲྭའི་ལས་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་སོགས་ཕྱོགས་དྲུག་ནས་དགོངས་ཚུལ་བཏོན་པ་མ་ཟད། སློབ་གཙོ་རྒྱ་མཚོའི་སྣེ་ཁྲིད་འོག་ལོ་གཉིས་ནས་གསུམ་བར་སྔར་ཡོད་རྨང་གཞི་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བ་དང་ཆབས་ཅིག རྒྱ་ཆེ་བའི་དགེ་རྒན་རྣམས་སློབ་གྲྭ་དང་། སློབ་མ། རང་ཉིད་བཅས་ཀྱི་སླད་དུ་ཡང་དག་པའི་མི་ཚེའི་བསམ་ཕྱོགས་ཤིག་འཚོལ་སྙེག་དང་ནུས་ཡོད་སྒོས་སློབ་གྲྭའི་དག་ཞིང་འདི་རྒྱུན་སྲུང་བར་རེ་བ་བཏོན།


འབྲེལ་ཡོད་འོས་སྦྱོར།